ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་བདུན་པས་ཡུན་ནན་ཞིང་ཆེན་ལ་ལྟ་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་ཁུན་མིང་དུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་བདུན་པས་ཡུན་ནན་ཞིང་ཆེན་ལ་ལྟ་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་ཁུན་མིང་དུ་འཚོགས།

ཡེ་ཏུང་སུང་དང་། ལི་ཡུན་ཆིང་གིས་གསུང་བཤད་གནང་།  ཝང་ཉིང་གིས་བཅའ་སྡོད་སྐུལ་སློང་བྱས།   ཝང་ཡུས་པོ་ཡིས་གཙོ་སྐྱོང་བྱས།

        ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་ལེན་མཐར་ཕྱིན་གཏིང་ཟབ་བསྟར་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་འགོ་ཁྲིད་ཚོ་ཆུང་སྐབས་ཉི་ཤུ་པའི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལྟར། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་བདུན་པ་ཉེ་ཆར་ཡུན་ནན་ཞིང་ཆེན་དུ་བཅའ་སྡོད་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱས།ཟླ་5པའི་ཚེས་9ཉིན།  ལྟ་ཞིབ་བཅའ་སྡོད་ཀྱི་སྐུལ་སློང་ཚོགས་འདུ་ཁུན་མིང་དུ་འཚོགས་ཤིང་།  ལྟ་ཞིབ་ཚོ་ཆུང་གི་ཙུའུ་ཀྲང་ཡེ་ཏུང་སུང་དང་།  ཙུའུ་ཀྲང་གཞོན་པ་ལི་ཡུན་ཆིང་གཉིས་ཀྱིས་ལྟ་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཁག་སོ་སོར་གསུང་བཤད་གནང་བ་དང་།  ཡུན་ནན་ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་བཅའ་སྡོད་སྐུལ་སློང་བྱས་པ།  ཞིང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲེང་ཀྲང་ཝང་ཡུས་པོ་ཡིས་གཙོ་སྐྱོང་བྱས་པ་རེད།

ཟླ་5པའི་ཚེས་9ཉིན།  ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་བདུན་པས་ཡུན་ནན་ཞིང་ཆེན་ལ་ལྟ་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་ཁུན་མིང་དུ་འཚོགས། 

        ཡེ་ཏུང་སུང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད་པ་དང་།  སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་"ཕྱོགས་ལྔ་གཞི་གཅིག་"གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་"ཕྱོགས་ཡོངས་བཞིའི་"འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ལོ་རྒྱུས་རང་བཞིན་དང་། ཁ་ཕྱོགས་འགྱུར་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་འབྱུང་བར་སྐུལ་འདེད་གཏོང་དགོས།  2023ལོའི་ཟླ་7པར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་།  རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཐོབ་པའི་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཧ་ཅང་ཆེན་པོར་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ཐག་གཅོད་ཡག་པོ་བྱེད་དགོས་པའི་འབྲེལ་བ་གལ་ཆེན་རྒྱས་བཤད་གཏིང་ཟབ་བྱས་པ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ལས་འགན་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ཏེ་ཏང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་ཁ་གསལ་བཏོན། རང་རེའི་ཏང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་འཛིན་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་བས་གཏིང་ཟབ་དང་རྒྱ་ཆེར་བཏང་བ་དང་། ལག་ལེན་གྱི་རྨང་གཞིའི་ཐོག་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ཡོད། དེ་ཐོག་ནས་ཏང་ཀྲུང་དབྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ཚུགས་གནས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་ཡོད། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཀྱི་ཇུས་གཞི་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་འབྲེལ་བ་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྔ་རྗེས་སུ་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་གཏོང་བའི་ཆེད་དོན་བཞུགས་མོལ་ཚོགས་འདུ་ཐེངས་4གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་དང་འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་(གྲོང་ཁྱེར་)དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཐེངས་མང་ཕེབས་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཐབ་ཇུས་ངེས་གནས་ཁ་གསལ་བཟོས་ཏེ་འབྲི་ཆུའི་སྣོད་བཅུད་ཁོར་ཡུག་སླར་གསོ་བྱ་རྒྱུ་དེ་ཟིལ་གནོན་རང་བཞིན་གྱི་གནས་བབ་ཐོག་བཞག་ནས་སྲུང་སྐྱོང་ཆེན་པོ་མཉམ་དུ་དམ་འཛིན་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པའི་བླང་བྱ་བཏོན།   ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རང་ཉིད་ཀྱིས་ཇུས་འགོད་དང་བཀོད་སྒྲིག་གནང་བ་དང་རང་ཉིད་ཀྱིས་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་གསར་གཏོད་གལ་ཆེན་དང་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ཞིག་དང་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ཐབས་མཆོག་དང་ལམ་ལུགས་ཀྱི་འགན་ལེན་ཞིག་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྟ་ཞིབ་ཀྱི་འགག་རྩའི་ལྷུ་ཚིགས་རེ་རེ་དང་འགག་རྩའི་དུས་སྐབས་རེ་རེར་ཁ་ཕྱོགས་སྟོན་པ་དང་མདུན་སྐྱོད་ཀྱི་སྣེ་ཁྲིད་དེ་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་ལྟ་ཞིབ་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་གཞི་གདངས་ནན་པོ་མཐའ་འཁྱོངས་ཀྱིས་ལྟ་ཞིབ་ལས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ལ་དམ་འཛིན་ནན་པོ་བྱས་ཏེ་ལྟ་ཞིབ་ཀྱི་རལ་གྲི་རྣོན་པོའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།  ཙུང་ལི་ལི་ཆང་དང་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་ཀྱང་ལྟ་ཞིབ་ལས་དོན་ལ་བླང་བྱ་ཁ་གསལ་ཐེངས་མང་པོ་བཏོན་ཡོད་དེ།  ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་གཏོང་དགོས་པ་དང་། རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས། འབྲི་ཆུའི་དཔལ་འབྱོར་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་གསར་པ་ཡོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་ཐཱན་ཉུང་རིགས་བསྒྱུར་ལ་སྐུལ་འདེད་གཏོང་བ། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུར་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་སྐུལ་འདེད་གཏོང་དགོས།

        ཡེ་ཏུང་སུང་གིས་ནན་བཤད་གནང་དོན། ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཡག་པོ་བྱེད་པར་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་དོན་འཁྱོལ་བྱས་ཚུལ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་དང་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་གཞི་གདངས་ནན་པོ་མཐའ་འཁྱོངས། གནད་སྨིན་ཚན་རིག་དང་མཐུན་པའི་ཁྲིམས་ལྟར་མཐའ་འཁྱོངས་བྱེད་དེ་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་འགན་སྲུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་གཅིག་གྱུར་འཆར་འགོད་བྱ་དགོས། ལྟ་ཞིབ་ཀྱིས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འབབ་རྒྱུད་རང་བཞིན་དང་སྤྱི་ཡོངས་རང་བཞིན་དང་ཐུན་མོང་རང་བཞིན་གྱི་གནད་དོན་ལ་དོ་སྣང་བྱ་རྒྱུ་དང་། ཡུན་ནན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། རང་བྱུང་ཐོན་ཁུངས་ཀྱི་ལྷན་སྐྱེས། སྣོད་བཅུད་བདེ་འཇགས་བཅས་ཀྱི་ངེས་གནས་དང་ཟུང་འབྲེལ་བྱེད་པར་ཡང་དོ་སྣང་བྱ་རྒྱུ་སྟེ་ཡུན་ནན་ཞིང་ཆེན་གྱི་འབུར་ཐོན་གནད་དོན་གནད་ལ་འཁེལ་བར་འཚོལ་ཞིབ་བྱ་རྒྱུ་ཡིན། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དོན་འཁྱོལ་བྱས་ཚུལ།  ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་བཏང་ནས་"མཐོ་གཉིས་དམའ་གཅིག་"གི་རྣམ་གྲངས་མུན་འཐོམས་ངང་གཉེར་བའི་གནས་ཚུལ།  སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་འཕེལ་རིམ་གནས་ཚུལ།  རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་བྱེད་པའི་ཁྲོད་ཀྱི་གནད་དོན་མངོན་གསལ་ཅན་དང་། ཁྲིམས་འགལ་སྒྲིག་འགལ་གྱིས་རང་བྱུང་སྲུང་སྐྱོང་ས་ཆ་བཙན་བཟུང་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ལས་བརྒལ་ཏེ་གསར་སྤེལ་འཛུགས་སྐྲུན་དང་མཚོ་རྒྱུད་གཏོར་བརླག། རྨོ་ཞིང་གི་སྐྱེ་ཁམས་གཏོར་བརླག་དང་འབྲི་ཆུའི་ལོ་བཅུའི་རིང་ཉ་འཛིན་མི་ཆོག་པ་དོན་འཁྱོལ་གནད་ལ་མི་འཁེལ་བ་སོགས་ཀྱི་གནད་དོན་དང་། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཁོར་སྐྱོད་དང་། ཞིང་ལས་ཁ་གཏིང་གཉིས་ཀྱི་སྦགས་བཙོག་འགོག་བཅོས། སྲ་གཟུགས་ཟོག་རོ་སྤྱི་དང་ལྷག་པར་དུ་ཨར་ལས་གད་སྙིགས་གཙང་བཅོས། "ལིན་གསུམ་"གྱི་སྦགས་བཙོག་བཅོས་སྐྱོང་བཅས་བྱས་ཚུལ། མཚེའུ་གལ་ཆེན་སྲུང་སྐྱོང་བཅོས་སྐྱོང་དང་ཆུ་ལག་གལ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཚུལ། ལྟ་ཞིབ་དང་སྣོད་བཅུད་ཁོར་ཡུག་གི་དྲན་སྐུལ་གློག་བརྙན་ཐོག་ནས་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་བྱས་ཚུལ། མི་དམངས་མང་ཚོགས་ཀྱིས་གླེང་མང་བའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་དང་།  སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་"ཏང་སྲིད་འགན་འཁྲི་གཅིག་མཚུངས་"དང་"ལས་གནས་གཅིག་ལ་འགན་འཁྲི་གཉིས་"དོན་འཁྱོལ་བྱས་ཚུལ་སོགས་ལ་གཙོ་གནད་ཐོག་དོ་ཁུར་བྱ་རྒྱུ།  

        ཝང་ཉིང་གིས་བསྟན་དོན།  ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ནི་ང་ཚོས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཆབ་སྲིད་ཀྱི་ལྟ་སྐུལ་བྱས་པ་ཞིག་དང་། ང་ཚོས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་དང་རོགས་རམ་ནུས་ལྡན་བྱས་པ་ཞིག་རེད།  ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྟ་ཞིབ་ཀྱི་ཆབ་སྲིད་རང་བཞིན་དང་། གཟབ་ནན་རང་བཞིན། གལ་ཆེའི་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དེ། ལྟ་ཞིབ་ལ་ལྟ་སྟངས་ནན་ཏན་འཛིན་པ་དང་། རང་རྟོགས་ཀྱིས་ལྟ་སྐུལ་དང་ལེན་བྱེད་དེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་"གཏན་འཁེལ་གཉིས་"ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་བཀུར་དང་། "སྲུང་སྐྱོང་གཉིས་"མཐའ་གཅིག་ཏུ་བྱེད་ཐུབ་པར་བྱ་དགོས།  ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་ལེན་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་བ་དང་། ལྟ་ཞིབ་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱེད་དེ་གནས་ཚུལ་སྙན་ཞུ་དང་། དཔྱད་ཡིག་མཁོ་འདོན། མཐུན་སྦྱོར་འགན་སྲུང་། ལྟ་ཞིབ་དག་ཐེར་ཡོ་བསྲང་། ཆ་འཕྲིན་ཡོངས་བསྒྲགས་སོགས་ཀྱི་ལས་དོན་ཁག་ལེགས་པར་སྒྲུབ་འགན་ནན་ཏན་འཁུར་དགོས།  ལྟ་ཞིབ་བྱས་ནས་ཤེས་རྟོགས་བྱུང་བ་དང་བསྒྲུབ་རྒྱུར་སྤྲད་པའི་གནད་དོན་དག་ཐེར་ཡོ་བསྲང་ནན་ཏན་དང་དམ་འཛིན་ཡག་པོ་བྱེད་པ་དང་། སྲུང་སྐྱོང་སྔོན་ལ་འཇོག་པ་དང་། སྦགས་བཙོག་བཅོས་སྐྱོང་གཙོ་བོར་འཛིན་པ། ལྗང་མདོག་རྒྱ་སྐྱེད་རྨང་གཞིར་འཛིན་པ། རིགས་བསྒྱུར་གཙོ་བོར་འཛིན་པ། འཕེལ་རྒྱས་རྩ་བར་འཛིན་པ་བཅས་རྒྱུན་འཁྱོངས་བྱེད་དེ་རྣམ་གྲངས་ཅན་དང་། ཁེར་རྐྱང་ཅན། བྱེ་བྲག་ཅན་བཅས་སུ་འགྱུར་བའི་སྒོ་ནས་སྣོད་བཅུད་ཁོར་ཡུག་གི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱ་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དེ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་བརྟན་པོ་འཁུར་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ། སྣོད་བཅུད་ཤེས་དཔལ་གྱི་རུ་སྣེ་ཁྲིད་མཁན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཚད་ལོན་གྱི་རྒྱུགས་ལན་ཞིག་འབུལ་དགོས།

        ཚོགས་འདུའི་ཐོགལི་ཡུན་ཆིང་གིས་ལྟ་ཞིབ་གཞོགས་འདེགས་ཡག་པོ་བྱེད་དེ་ལྟ་སྐུལ་བྱེད་བཞིན་དུ་ཡོ་བསྲང་བྱེད་པ་དང་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས་གནད་སྨིན་ཚན་རིག་དང་མཐུན་པའི་སྒོ་ནས་ལྟ་ཞིབ་བྱེད་པ་སོགས་ཀྱི་ལས་དོན་ཐད་བླང་བྱ་བཏོན་པ་དང་འབྲེལ་ལྟ་ཞིབ་ཚོ་ཆུང་གི་ཁོངས་མི་ཡོངས་ཀྱིས་སྒྲིག་ཁྲིམས་ཀྱི་བླང་བྱ་ལག་བསྟར་ནན་པོ་བྱེད་དེ་ལྟ་ཞིབ་བྱ་ཡུལ་ས་གནས་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུའི་ཐད་རྣམ་འགྱུར་བསྟན་པ་རེད། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་གི་ཁོངས་མི་ཡོངས་དང་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་གི་འབྲེལ་ཡོད་མི་སྣ། ཡུན་ནན་ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། གྲོང་ཁྱེར་དང་ཁུལ་ཁག་གི་ཏང་སྲིད་འགོ་ཁྲིད་བློ་མཐུན་བརྙན་ལམ་ཚོགས་འདུ་བརྒྱུད་ཚོགས་འདུར་ཟུར་ཞུགས་བྱས།

        ལས་ཀའི་བཀོད་སྒྲིག་གཞིར་བཟུང་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་བདུན་པའི་ལྟ་བཤེར་བཅའ་སྡོད་དུས་ཚོད་ནི་ཟླ་བ་གཅིག་ཡིན་ཏེ།  བཅའ་སྡོད་བྱེད་རིང་(2024ལོ་ཟླ་5པའི་ཚེས་9ཉིན་ནས་ཟླ་6པའི་ཚེས་9ཉིན་)ཆེད་མངགས་ལས་རེས་ཁ་པར་བཙུགས་ཏེ་ཁ་པར་ཨང་གྲངས་ནི་0871-63189600ཡིན།ཆེད་མངགས་སྦྲག་སྲིད་ཡིག་སྒམ་བཙུགས་ཏེ་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་A614སྦྲག་སྲིད་ཡིག་སྒམ།ལྟ་ཞིབ་ཚོ་ཆུང་གིས་ཐེར་འདོན་ཁ་པར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་ཉིན་རེའི་8:00ནས་20:00བར་ཡིན།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་དང་ལྟ་ཞིབ་ཚོ་ཆུང་གི་འགན་འཁྲི་གཞིར་བཟུང་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་གིས་གཙོ་བོ་ཡུན་ནན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་བདག་སྤྲོད་བྱས་པ་དང་བདག་སྤྲོད་ཁྱབ་ཁོངས་སུ་མི་གཏོགས་པའི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གནད་དོན་གཞན་དག་གཏན་འབེབས་ལྟར་ལྟ་ཞིབ་བྱ་ཡུལ་ས་གནས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།