སྔ་མོ་གྲོང་གིས་ཡུལ་སྐོར་ལ་བརྟེན་ནས་དམངས་ཕྱུག་རི་མོ་འབྲི་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    “ལྔ་གཅིག”གུང་གསེང་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོའི་མཛེས་ལྗོངས་ཁུལ་དུ་གནས་པའི་སྔ་མོ་གྲོང་གྲོང་མིའི་ཚོ་ཆུང་གི་གྲོང་མི་བཀྲ་ཤིས་དངོས་གྲུབ་ཀྱི་ཁྱིམ་དུ་འདུ་འཛི་རབ་ཏུ་ཆེ། ཡུལ་སྐོར་བ་སྐོར་གཅིག་གིས་ཁོང་ཚང་གི་ཁྱིམ་གྱི་ཚོམས་ཆེན་ནང་ཇ་བསྲུབས་མ་འཐུང་ཞོར་དུ་བཀྲ་ཤིས་དངོས་གྲུབ་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་བརྗོད་པ་ཉན་བཞིན་ཡོད།ཡུལ་སྐོར་བ་དེ་དག་ནི་བཀྲ་ཤིས་དངོས་གྲུབ་ཀྱི་བུ་བཀྲ་ཤིས་ཀྱིས་སེམས་ཀྱི་ཉི་ཟླ་མེ་འཁོར་འབབ་ཚུགས་ནས་བསུས་ནས་ཡོང་།

    བོད་ཟས་ལ་རོལ་མྱོང་བྱས་རྗེས་ཡུལ་སྐོར་བ་ཚོས་བོད་རིགས་ཀྱི་གྱོན་ཆས་གྱོན་པ་དང་དེ་ནས་མཛེས་བཟོ་ལ་མཁས་པའི་བཀྲ་ཤིས་ཀྱི་བཟའ་ཟླས་ཁོང་ཚོར་མཛེས་བཟོ་བྱས་རྗེས་གྲོང་ཚོའི་ནང་བོད་ཆས་པར་རྒྱག་པར་བསྐྱོད་པ་རེད།བཀྲ་ཤིས་ཀྱི་མནའ་མས་དྲ་རྒྱ་བརྒྱུད་མཛེས་བཟོ་རང་སྦྱོང་བྱས་པས་ད་ཆ་རྒྱུས་མངའ་ལོན་ནས་སྟབས་ལེགས་པ་ཞིག་ཡོང་གི་འདུག་"ཅེས་བཤད་བྱུང་། པར་ལེན་པའི་བརྒྱུད་རིམ་ནང་བཀྲ་ཤིས་ཀྱིས་པར་རྒྱག་མཁན་གྱི་འགན་འཁུར་བ་མ་ཟད་ཡུལ་སྐོར་བར་བཟོ་ལྟ་སྟོན་རྒྱུར་མཛུབ་ཁྲིད་ཀྱང་བྱས་ནས་ཆེད་ལས་ཀྱི་ཆུ་ཚད་མངོན་པར་བྱས་ཡོད།པར་བླངས་ཚར་རྗེས་ཡུལ་སྐོར་བ་ཚོས་བཀྲ་ཤིས་ཀྱི་པར་ལེན་ལག་རྩལ་ལ་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད།

    སློབ་ཆེན་མཐར་ཕྱིན་རྗེས་བཀྲ་ཤིས་ཀྱིས་ཡུལ་སྐོར་ལས་རིགས་ལ་སྤྲོ་བ་ཆེན་པོ་སྐྱེས་ནས་ལོ་ཤས་གོང་ཁོང་གིས་ཡུལ་སྐོར་སྣེ་ལེན་གྱི་ལས་ཀ་བྱེད་འགོ་ཚུགས།བཀྲ་ཤིས་ཀྱིས་ད་ཆ་གྲོང་ཚོའི་ནང་གི་གཞོན་ནུ་མང་པོ་ཞིག་གིས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ལས་ཀ་བྱེད་ཀྱི་ཡོད་པ་དང་ད་དུང་དུད་ཚང་ཁ་ཤས་ཀྱིས་དམངས་སྡོད་དང་བོད་ཟས་ཁང་བཙུགས་པས་སྔ་མོ་གྲོང་གྲོང་མིའི་ཚོ་ཆུང་གི་གྲོང་གསེབ་ཀྱི་ཡུལ་སྐོར་ཉིན་བཞིན་དར་ཁྱབ་ཆེན་པོ་བྱུང་ཡོད་ཅེས་བཤད།

    ཡུལ་སྐོར་བ་བསྐྱལ་རྗེས་བཀྲ་ཤིས་དངོས་གྲུབ་ཀྱིས་དེ་སྔོན་ཁྱིམ་གྱི་བོད་ཁང་ཆུང་ལ་གུ་དོག་པ་དང་སྒོ་རའི་ནང་ལྕི་བས་ཁེངས་ནས་སྡོད་སའི་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད།2023ལོར་ངེད་ཚང་གིས་གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ལེན་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་། ཡོང་འབབ་འཕར་བ་དང་ཆབས་ཅིག་ང་ཚོས་ཁྱིམ་སྤྱོད་གློག་ཆས་མང་པོ་ཁ་སྣོན་བརྒྱབ་པས་འཚོ་བ་དེ་བས་སྟབས་བདེ་རུ་ཕྱིན་པ་དང་ལྷག་པར་དུ་དཀར་ཡོལ་འཁྲུ་ཆས་ཉོས་རྗེས་ཁྱིམ་ལས་དེ་བས་བག་ཕེབས་སུ་གྱུར་ཡོད་ཅེས་དགའ་སྤྲོའི་ངང་ཉེ་བའི་ལོ་ཤས་རིང་བྱུང་བའི་འགྱུར་ལྡོག་བཤད་པ་རེད།ཉེ་བའི་ལོ་ཤས་རིང་གྲོང་མི་ཚོ་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་ཁང་ནང་སྡོད་རྒྱུ་བྱུང་ནས་མི་ཕྱུགས་ལོགས་སུ་དབྱེ་ཐུབ་པ་བྱུང་བ་དང་སྡོད་ཁང་གི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད།ས་གནས་དེ་གའི་སྲིད་གཞུང་གིས་ད་དུང་ཡངས་ཤིང་རྒྱ་ཆེ་བའི་གྲོང་ཚོར་སྐྱོད་སའི་ལམ་བསྐྲུན་པས་གྲོང་ཚོའི་ཁོར་ཡུག་ཀྱང་ཇེ་ཡག་ཏུ་འགྲོ་བཞིན་ཡོད།

    ད་ཆ་འགྲིམ་འགྲུལ་ཉིན་བཞིན་སྟབས་བདེ་རུ་འགྲོ་བ་དང་སེམས་ཀྱི་ཉི་ཟླ་ནི་སྟབས་བདེ་ངང་ཐོན་ཐུབ་པའི་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་གྱུར་ནས་ས་གནས་དེ་གའི་བོད་ཟས་དང་།དམངས་སྲོལ་མགྲོན་ཁང་། ཡུལ་སྐོར་པར་ལེན་སོགས་ལ་ཡུལ་སྐོར་བའི་དགའ་བསུ་ཐོབ་པ་དང་།གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལས་བྱུང་བའི་དགའ་སྤྲོའི་སེམས་ཁམས་ཚང་མ་མང་ཚོགས་ཀྱི་གདོང་ལ་མངོན་པར་བྱས་ཡོད།