བདེ་ཆེན་གྱི་ཀུ་ཀུ་ཤ་མོ་ཐེངས་དང་པོར་ཕྱིར་གཏོང་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲང་ཅང་ཤང་ཀེ་ལན་གྲོང་ཚོ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2000ཡས་མས་ཟིན་པ་དང་འབྲི་ཆུ་དུ་ཆགས་པས་ས་རྒྱུ་གཤིན་ལ་དྲོད་ཚད་ཧེ་བག་འོས་འཚམ་ཡོད་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་པའོ་ཝུན་བཟའ་བཅའ་ཚད་ཡོད་ཀུང་སིའི་ཀུ་ཀུ་ཤ་མོ་ཕྱིར་གཏོང་འདེབས་འཛུགས་ཐོ་འགོད་སྙན་སེང་རྟེན་གཞི་དེ་གར་ཆགས་ཡོད།རྟེན་གཞིར་སྐྱོད་སྐབས་ཀུ་ཀུ་ཤ་མོས་ཁམ་མདོག་གི་"་ཉི་གདུགས་ཆུང་ཆུང་"ཚོམ་བུ་བྱས་ནས་སྐྱེས་ཡོད་པ་མཐོང་བ་དང་ལས་བཟོ་པ་ཚོས་གོ་རིམ་ལྡན་པའི་ངང་འཐུ་བཞིན་འདུག ཉེ་ཆར་པའོ་ཝུན་ཀུང་སིའི་ལྗིད་ཚད་སྟོང་ཁེ་300ཡོད་པའི་མི་ཐབས་ལ་བརྟེན་ནས་ཀུ་ཀུ་ཤ་མོ་འདེབས་འཛུགས་བྱས་པ་ཁག་གཅིག་ཁུན་མིང་འགག་སྒོའི་ཁོངས་གཏོགས་ཀྱི་སེམས་ཀྱི་ཉི་ཟླའི་འགག་སྒོས་ཞིབ་བཤེར་དང་བརྟག་ཞིབ་ཚད་ལོན་རྗེས་ཧྥ་རན་སིར་བདེ་བླག་ངང་འཚོང་པ་དེ་ཐོག་ནས་བདེ་ཆེན་ཁུལ་ཀུ་ཀུ་ཤ་མོ་ཕྱིར་གཏོང་ཐེངས་དང་པོ་མངོན་འགྱུར་བྱུང་བ་མཚོན་ལ། ས་གནས་དེ་གའི་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱས་པའི་བཟའ་བྱའི་ཤ་མོ་དེ་ཐེངས་དང་པོ་རྒྱལ་སྒོ་ནས་ཕྱིར་གཏོང་ཡང་བྱས་པ་མཚོན།

    པའོ་ཝུན་ཀུང་སིའི་ཁྲོམ་ར་པུའུ་ཡི་སྤྱི་གཉེར་བ་ཁྲེན་རྨིན་གྱིས་པའོ་ཝུན་ཀུང་སིས་རི་སྐྱེས་ཤ་མོ་ཕྱིར་གཏོང་ལས་སྒོ་གཉེར་ནས་ལོ་མང་སོང་ཡང་མི་ཐབས་ལ་བརྟེན་ནས་ཤ་མོའི་རིགས་འདེབས་འཛུགས་བྱེད་པའི་ཕྱིར་གཏོང་ལས་སྒོར་རྒྱུས་མངའ་མེད། སེམས་ཀྱི་ཉི་ཟླ་འགག་སྒོས་ཕྱིར་གཏོང་བཟའ་བཅའི་མ་བཅོས་རྒྱུ་ཆ་འདེབས་འཛུགས་ར་བར་ཐོ་འགོད་སྙན་སེང་ཞུ་བ་དང་སྤུས་ཚད་བདེ་འཇགས་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་ཁེ་ལས་ལ་ལུས་ཚད་གཏན་འཁེལ་གྱི་བྱ་ཐབས་བཟོས་ནས་ཁེ་ལས་ལ་ཕྱིར་གཏོང་བདེ་བླག་ངང་ལེགས་གྲུབ་ཡོང་རྒྱུར་རོགས་རམ་བྱས་པ་རེད་ཅེས་བཤད་བྱུང་།

图片

    ཁྲེན་རྨིན་གྱིས་ཁག་དང་པོར་ཕྱིར་གཏོང་བྱས་པའི་ཀུ་ཀུ་ཤ་མོ་ཁྲོམ་རའི་ཚུར་ལན་ཡག་པོ་བྱུང་བ་དང་རྗེས་མཐུད་མངགས་ཐོ་དེ་དང་བསྟུན་ནས་བྱུང་ཡོད། གཞན་ཡང་ཀུ་ཀུ་ཤ་མོ་འདེབས་འཛུགས་ལས་རིགས་ཀྱི་འཕེལ་རྒྱས་ཀྱིས་ཀྱང་གྲོང་མི་དེ་བས་མང་བ་ཐག་ཉེ་སར་ལས་ཀ་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།ཧྲང་ཅང་ཤང་ལ་དཔེ་བཞག་ན་ས་གནས་དེ་གར་ད་ཆ་ཆེད་མངགས་ཀུ་ཀུ་ཤ་མོ་འདེབས་འཛུགས་བྱེད་པའི་རྟེན་གཞི་20་ལྷག་ཙམ་ཡོད་པ་རེད་ཅེས་བཤད་པ་དང་།ས་གནས་དེ་གའི་གྲོང་མི་ཀྲང་ཤུས་ནན་གྱིས་དགའ་སྤྲོའི་ངང་ང་ཚོས་འདི་གར་ལས་ཀ་བྱས་ན་ཉིན་རེར་སྒོར་150རག་ཐུབ་པ་མ་ཟད་ད་དུང་ཁྱིམ་ལ་ལྟ་རྟོག་ཀྱང་བྱེད་ཐུབ་ཅེས་བཤད།

    སེམས་ཀྱི་ཉི་ཟླ་འགག་སྒོས་བསྡོམས་རྩིས་བྱས་པར་གཞིགས་ན་2024ལོའི་དུས་ཚིགས་དང་པོར་བདེ་ཆེན་ཁུལ་གྱི་ཤ་མོའི་རིགས་ཀྱི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི་323.2ཟིན་པ་དེ་དུས་མཚུངས་ལས་48.1%འཕར་ཡོད་པ་རེད།