ད་ལོའི་“ལྔ་གཅིག”གུང་གསེང་རིང་བདེ་ཆེན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི78ལྷག་སྣེ་ལེན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ5པའི་ཚེས་5ཉིན2024་ལོའི་ལྔ་གཅིགགུང་གསེང་གི་མཐའ་མའི་ཉིན་མོ་བསུས་པ་དང་བདེ་ཆེན་རིག་གནས་ཡུལ་སྐོར་ཁྲོམ་རར་གཏམ་བཟང་ཁྱབ་ཡོང་བ་རེད།ཉིན་ཤས་བསྟུད་མར་བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་ཁྲོམ་རའི་འཕེལ་རྒྱས་ཀྱི་རྣམ་པ་ཧ་ཅང་བཟང་བ་དང་གུང་གསེང་རིང་ཡུལ་སྐོར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཡུལ་སྐོར་སྣེ་ལེན་ལས་དོན་ཕུན་སུམ་ཚོགས་པོའི་ངང་བདེ་བླག་བྱུང་ཡོད།བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་བསྡོམས་རྩིས་གྲངས་གཞིར་གཞིགས་ན།ཁུལ་ཡོངས་ཀྱི་ལྔ་གཅིགགུང་གསེང་རིང་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་78.24ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་6.41%འཕར་བ་དང་ཉིན་རེའི་ཆ་སྙོམས་སྣེ་ལེན་ཆུ་ཚད་2019ལོའི་དུས་མཚུངས་ལས་53.65%འཕར་ཡོད།ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་6.78མངོན་འགྱུར་བྱུང་བ་དེ་2023ལོའི་དུས་མཚུངས་ལས་46.75%འཕར་བ་དང་ཉིན་རེའི་ཆ་སྙོམས་ཡོང་འབབ་དེ2019ལོའི་དུས་མཚུངས་ལས་118.75%འཕར་ཡོད་པ་རེད།