ལུས་རྩལ་པ་དངོས་གྲུབ་ཀྱིས་ཨང་དང་པོ་བླངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-30   རྩོམ་ཁུངས།    མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

        ཟླ4པའི་ཚེས27ཉིན། གསར་འགོད་པས་ཞིང་ཆེན་ལུས་རྩལ་ཅུའུ་ནས་ཤེས་གསལ་ལྟར་ན། རང་ཞིང་གི་ལུས་རྩལ་པ་དངོས་གྲུབ་ཀྱིས་ཏི་པའེ་རུ་འཚོགས་པའི2024ལོའི་ཨེ་ཤ་ཡའི་ན་གཞོན་མཆོང་རྒྱུག་འཕེན་གསུམ་ལེགས་སྐྱེས་འགྲན་སྡུར་སྟེང་སྐྱེས་པའི་སྨི10000ཅན་གྱི་འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་པ་རེད། ཤེས་གསལ་ལྟར་ན། ཟླ4པའི་ཚེས24ཉིན་ནས་ཚེས27ཉིན་བར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏི་པའེ་རུ་གཉེར་བའི2024ལོའི་ཨེ་ཤ་ཡའི་ན་གཞོན་མཆོང་རྒྱུག་འཕེན་གསུམ་ལེགས་སྐྱེས་འགྲན་སྡུར་སྟེང་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་ལུས་རྩལ་པ་དངོས་གྲུབ་ཀྱིས་སྐར་མ42དང་སྐར་ཆ47གྱི་གྲུབ་འབྲས་ཐོག་ནས་སྐྱེས་པའི་སྨི10000ཅན་གྱི་འདུར་རྒྱུག་འགྲན་སྡུར་ལས་ཨང་དང་པོ་བླངས་པ་རེད།