"ལྔ་གཅིག་"ལ་བསུ་བ་ཞུས་ནས་སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་ཕྱོགས་ཡོངས་ནས་ཞབས་ཞུ་དང་འགན་ལེན་བྱ་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་བའི་ཉིན་ཤས་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་དུ་ཡུལ་སྐོར་བ་རིམ་བཞིན་མང་དུ་ཕྱིན་པ་དང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱིས་ས་ཆ་གཞན་གྱི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པས་སེམས་ཀྱི་ཉི་ཟླའི་"ལྔ་གཅིག་"ཡུལ་སྐོར་གྱི་ཚ་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་རེ་ཡོད་པ་རེད།

        ཉེ་ཆར།རྡོ་མཁར་རྫོང་ལྗོངས་ཁུལ་གྱི་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཚོམས་ཆེན་དུ་ཡུལ་སྐོར་བ་རྒྱུན་ཆད་མེད་པར་ཡོང་བ་དང་གནའ་གྲོང་ནང་འཆམ་འཆམ་དུ་འགྲོ་བ་དང་པར་རྒྱག་མཁན་ཡུལ་སྐོར་བ་གང་སར་མཐོང་རྒྱུ་ཡོད།ཉིན་མོ་ས་མཐོའི་ཉི་འོད་ལོངས་སུ་སྤྱོད་པ་དང་ས་རུབ་ལ་ཉེ་བའི་སྐབས་སུ་སྲང་ལམ་གྲུ་བཞི་དང་ཟླ་འོད་ཐང་ཆེན་ཐོག་ཡུལ་སྐོར་བ་དང་ས་གནས་དེ་གའི་གྲོང་མི་སྐོར་བ་གཅིག་བརྒྱབ་ནས་ཁྱད་ཆོས་ལྡན་པའི་ཐང་ཆེན་ཞབས་བྲོ་འཁྲབ་པ།

        ད་ལོའི་དཔྱིད་གསར་དུས་ཆེན་ཚུན་དུ་རྡོ་མཁར་རྫོང་ལྗོངས་ཁུལ་གྱི་ཡུལ་སྐོར་སྤྲོ་འཆམ་གྱི་ཚ་ཚད་མི་ཆག་པ་དང་། འཆར་ཉེར་ཡོད་པའི་"ལྔ་གཅིག་"གི་གུང་གསེང་བསུ་བ་ཞུ་ཆེད་རྡོ་མཁར་རྫོང་ལྗོངས་ཁུལ་གྱིས་ཞབས་ཞུའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་སྐོར་བ་གྲོགས་པོ་ཚོར་སྨན་དོན་ཁང་དང་། ཕྲུ་གུ་དམར་འབྱར་ཁང་། གསོག་ཉར་སྒམ། ཡུལ་སྐོར་བའི་ཞབས་ཞུའི་བློ་འདྲི་སོགས་སྙིང་ཉེ་བའི་ཞབས་ཞུ་མཁོ་འདོན་བྱས་ཏེ་ཡུལ་སྐོར་བར་དུས་དང་རྣམ་པ་ཀུན་ཏུ་རྩེར་སོན་གྱི་ཡུལ་སྐོར་ཞབས་ཞུའི་ཉམས་ལེན་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་རེད།