འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”མེ་ཏོག་ཡུལ་སྐོར་བདེ་ཆེན་ནས་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་4པའི་ཚེས་26ཉིན། འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”མེ་ཏོག་ཡུལ་སྐོར་དང་སྐབས་བཅུ་པའི་ཟླུམ་རྩའི་མེ་ཏོག་འགྲེམས་སྟོན་དེ་སེམས་ཀྱི་ཉི་ཟླའི་རི་མཐོའི་རྩི་ཤིང་གླིང་དུ་འགོ་ཚུགས།

        བདེ་ཆེན་ནི་མཚོ་བོད་མཐོ་སྒང་དང་ཡུན་ཀུའེ་མཐོ་སྒང་གི་བར་བརྒལ་ས་ཁུལ་དུ་གནས་ཤིང་། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་གྱི་གྲས་ཤིག་ཡིན། ཟླ་བ་གསུམ་པ་ནས་བཟུང་བདེ་ཆེན་འདི་ཉིད་མེ་ཏོག་གི་འཇིག་རྟེན་དང་མེ་ཏོག་གི་རྒྱ་མཚོ་ལྟ་བུ་ལྟར་སྟོན་ཟླ་བཅུ་པའི་བར་རྒྱུན་མཐུད་བྱ་རྒྱུ་རེད། གཙང་གསུམ་མཉམ་རྒྱུག་བདེ་ཆེན་མངའ་ཁོངས་ཀྱི་ངོ་མཚར་ཆེ་བའི་རང་བྱུང་མཛེས་ལྗོངས་བརྒྱུད་སྤྱན་གཟིགས་རྩི་ཤིང་རིགས་1578་བཅས་མྱོང་ཚོར་ཐུབ་པ་དང་། སྟག་མ་མེ་ཏོག་དང་སྣ་མའི་མེ་ཏོག ལུག་མཉེ་མེ་ཏོག  ཡུས་ལན་སོགས་ཡུན་ནན་གྱི་མེ་ཏོག་གྲགས་ཅན་བདེ་ཆེན་དུ་གཞིས་ཆགས་ཡོད།

        འགོ་ཚུགས་མཛད་སྒོའི་ཐོག་བདེ་ཆེན་གྱི་གྲགས་ཅན་སྐྱེ་དངོས་རིགས་བཅུ་ཁྱབ་བསྒྲགས་བྱས་པ་དང་མེ་ཏོག་ལ་རོལ་མྱོང་བྱེད་སའི་གནས་ཡུལ་བཅུ་གཙོ་གནད་དུ་བཟུང་ནས་ངོ་སྤྲོད་བྱས་པ།བདེ་ཆེན་ཁུལ་གྱི་མེ་ཏོག་བསྡུ་བའི་དཔྱད་འདེམས་བྱ་འགུལ་ཁྱབ་བསྒྲགས་བྱས་པ།  ད་དུང་“ནགས་ཚལ་ཚོང་འདུས”དང་"བདེ་ཆེན་རི་སྐྱེས་མེ་ཏོག་ཇི་ལྟར་ལྟ་"ཞེས་པའི་ཚན་རྩལ་ཁྱབ་གདལ་འགྲེམས་སྟོན། སེམས་ཀྱི་ཉི་ཟླའི་ཟླུམ་རྩའི་མེ་ཏོག་འགྲེམས་སྟོན། "མེ་ཏོག་དང་དཔེ་དེབ་"ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སོགས་ཁྱད་ཆོས་ལྡན་པའི་བྱེད་སྒོ་མང་པོ་སྒྲིག་འཛུགས་བྱས་ནས་སྤེལ་ཡོད།