《དངོས་མང་འཇོལ་རྫོང》བརྒྱུད་ནས་འཇོལ་རྫོང་ལ་རྒྱུས་ལོན་ཐེངས་གཅིག་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    《དངོས་མང་འཇོལ་རྫོང་》ཞེས་པར་རང་བྱུང་ས་ཁམས་ཀྱི་དམིགས་བསལ་རང་བཞིན་དང་། སྐྱེ་དངོས་སྣོད་བཅུད་སྣ་མང་རང་བཞིན། མི་རིགས་རིག་གནས་སྣ་མང་རང་བཞིན་བཅས་ཁག་གསུམ་དུ་དབྱེ་ཡོད། ཡིད་དུ་འོང་བའི་པར་རིས་དང་བབ་ཆགས་པའི་ཡི་གེར་བརྟེན་ནས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གི་ས་ཁམས་དང་། སྣོད་བཅུད། སྲོག་ཆགས་དང་རྩི་ཤིང་། མི་རིགས་རིག་གནས་སོགས་ཀྱི་ནང་དོན་ཕྱོགས་ཡོངས་ནས་མཚོན་ཡོད་ཅིང་། འཇོལ་རྫོང་གི་རང་བྱུང་མཛེས་སྡུག་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད་པས་འདི་ནི་འཇོལ་རྫོང་ལ་རྒྱུས་ལོན་དང་ཤེས་རྟོགས་བྱེད་པའི་དཔེ་དེབ་ལེགས་ཤོས་ཤིག་ཏུ་མཐོང་།།