ཡུན་ནན་ནུབ་བྱང་ཁུལ་བཞི་(གྲོང་ཁྱེར་)ཡིས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་ནས་འཛམ་གླིང་རིམ་པའི་ཡུལ་སྐོར་དམིགས་ས་བསྐྲུན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ4པའི་ཚེས23ཉིན།ས་དམ་དུ་འཚོགས་པའི་ཡུན་ནན་ནུབ་བྱང་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་གྱི་མཉམ་ལས་མཉམ་འབྲེལ་ཚོགས་འདུ་ཐེངས་གཉིས་པའི་སྒོ་བརྒྱབ་ལས་དོན་ཚོགས་འདུའི་ཐོག་ཏ་ལི་དང་།ས་དམ། བདེ་ཆེན།ནུའུ་ཅང་བཅས་ཁུལ་(གྲོང་ཁྱེར་)བཞིའི་རིག་གནས་དང་ཡུལ་སྐོར་ཅུས་དང་ཡུལ་སྐོར་མཐུན་ཚོགས་སོ་སོས་མཉམ་ལས་གྲོས་མཐུན་བཞག་ནས།“མིག་མངས་འགྲིག་སྐོར་གཅིག་”གིས་ཡུན་ནན་མཚོན་པ་དང་།རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་པ།དུས་རབས་ཀྱི་སྣེ་ཁྲིད་པ་བཅས་ཀྱི་འཛམ་གླིང་རིམ་པའི་ཡུལ་སྐོར་བྱ་ཡུལ་བསྐྲུན་ནས་ཡུན་ནན་གྱིས་རིག་གནས་ཡུལ་སྐོར་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འཇོག་རྒྱུ་དེ་ཡིན།

    ཁུལ་བཞིའི་(གྲོང་ཁྱེར་)རིག་གནས་ཡུལ་སྐོར་ཅུས་ཀྱིས་“ཡུན་ནན་ནུབ་བྱང་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་ཞབས་ཞུའི་དོ་དམ་མཉམ་ལས་ལམ་སྲོལ་གྱི་གྲོས་མཐུན”གྱི་ཁ་ཆད་བཞག་ནས།“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ཡུན་ནན་ནུབ་བྱང་དེ་ཡུན་ནན་མཚོན་པ་དང་།རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་པ།དུས་རབས་ཀྱི་སྣེ་ཁྲིད་པ་བཅས་ཀྱི་འཛམ་གླིང་རིམ་པའི་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་ཐུན་མོང་ཐོག་འཛུགས་སྐྲུན་བྱ་དགོས།མཉམ་ལས་ཀྱི་དམིགས་ཚད་ནི་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་རུ་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་།ཡུལ་སྐོར་དོ་དམ་ལམ་སྲོལ་སྔར་བས་ལེགས་སུ་གཏོང་བ། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ། ཡུལ་སྐོར་ས་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཁྲོམ་རའི་ཚོང་གཉེར་མཉམ་ཤུགས་སྔར་བས་ཆེ་རུ་གཏོང་བ། ཡུལ་སྐོར་བའི་ཉམས་ལེན་ཚོར་སྣང་དང་བློ་ཡིད་ཚིམ་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་དང་ཡུལ་སྐོར་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ།མཉམ་ལས་ཀྱི་ནང་དོན་ཞིབ་ཕྲ་ནི་“6+2”ཀྱི་ལམ་སྲོལ་དང་མ་ལག་ཡིན།སྒྲིག་འཛུགས་མཐུན་སྦྱོར་དང་།ཚོང་ར་མཉམ་སྡེབ་ཁྱབ་སྤེལ།ཐོན་རྫས་གསབ་རེས་གསར་སྤེལ།འགྲུལ་ཁུངས་ཕན་ཚུན་སྐྱེལ་རེས།མཉམ་འབྲེལ་གསོ་སྦྱོང་།ཚོང་ར་མཉམ་འབྲེལ་ལྟ་སྐུལ་དོ་དམ་བཅས་ཀྱི་ལམ་སྲོལ་ཁག་6དང་དེ་བཞིན་སྒྲིག་བཀོད་འབྲེལ་མཐུད་ཀྱི་རྨང་གཞིའི་ཞབས་ཞུ་དང་ཐོན་ལས་ཡོངས་ཀྱི་བློ་གྲོས་ཞབས་ཞུའི་མ་ལག་2འཛུགས་དགོས།

    ཁུལ་བཞིའི་(གྲོང་ཁྱེར་)ཡུལ་སྐོར་ལས་རིགས་མཐུན་ཚོགས་ཀྱིས་བཞག་པའི་འཐབ་ཇུས་མཉམ་ལས་གྲོས་མཐུན་གྱི་ནང་དོན་ནང་མཉམ་ལས་དམིགས་ཚད་དང་།མཉམ་ལས་ཁྱབ་ཁོངས།མཉམ་ལས་བྱེད་སྟངས།མཉམ་ལས་ལམ་སྲོལ་སོགས་ཕྱོགས་མང་པོ་ཚུད་ཡོད།