ཏ་ལི་དང་ས་དམ།བདེ་ཆེན་བཅས་ཀྱི་མཉམ་ལས་མཉམ་འབྲེལ་ལ་གྲུབ་འབྲས་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    2024ལོའི་ཟླ4པའི་ཚེས11ཉིན་གྱི་དུས་ཚོད་ཀླད་གོར་ནས་བཟུང་།རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་མེ་འཁོར་འཁོར་སྐྱོད་དཔེ་རིས་གསར་པ་ལག་བསྟར་བྱས་པ་དང་།པར་རིས་ལེགས་སྒྲིག་བྱས་རྗེས་སེམས་ཀྱི་ཉི་ཟླ་ལ་ཉིན་ལྟར་འབབ་ཚུགས་སུ་ཕར་གཏོང་ཚུར་འོང་གི་མེ་འཁོར་14བར་མང་དུ་ཕྱིན་ཡོད།འདིའི་ནང་ཉིན་ལྟར་སེམས་ཀྱི་ཉི་ཟླ་ནས་ཏ་ལིར་ཐད་ཀར་ཕར་གཏོང་ཚུར་འོང་གི་འཁོར་ཐེངས་ཁྱོན་4དང་།སེམས་ཀྱི་ཉི་ཟླ་ནས་ཐད་ཀར་ས་དམ་དུ་ཕར་གཏོང་ཚུར་འོང་གི་འཁོར་ཐེངས་ཁྱོན་10ཡོད། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁག་གཅིག་ཏ་ལི་དང་ས་དམ་ནས་སྒུལ་འཁོར་ལ་བསྡད་དེ་སེམས་ཀྱི་ཉི་ཟླར་བསྐྱོད་དེ་སེམས་ཀྱི་ཉི་ཟླའི་མཛེས་སྡུག་མྱོང་ཚོར་གང་ཐུབ་བྱེད་ཀྱི་ཡོད།འདི་ནི་ཏ་ལི་དང་ས་དམ།བདེ་ཆེན་གསུམ་(གྲོང་ཁྱེར)གྱིས་མཉམ་འབྲེལ་ཐོག་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་མཉམ་ལས་མཉམ་འབྲེལ་ཚོགས་འདུ་ཐེངས་དང་པོའི་གྲུབ་འབྲས་ཀྱི་བསྡུས་རིས་ཙམ་ཞིག་ཡིན།


    2023ལོའི་ཟླ10པའི་ཚེས་30ཉིན། ཏ་ལི་དང་།ས་དམ། བདེ་ཆེན་བཅས་ཁུལ་གསུམ་(གྲོང་ཁྱེར)གྱིས་མཉམ་འབྲེལ་ཐོག་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་མཉམ་ལས་མཉམ་འབྲེལ་ཚོགས་འདུ་ཐེངས་དང་པོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ་རེད།ཚོགས་འདུའི་ཐོག་ཁུལ་གསུམ་(གྲོང་ཁྱེར)གྱིས་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་ལེགས་སུ་གཏོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མཉམ་སྐྲུན་བྱས་ཏེ་ཕྱོགས་གསུམ་པོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་དྲིལ་བསྒྲགས་ཚོང་གཉེར་ལ་མཉམ་དུ་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་“ཡུལ་སྐོར་བ་ཕན་ཚུན་སྐྱེལ་བའི་བྱ་འགུལ”ལག་བསྟར་བྱས་ཏེ་རིག་གནས་ཡུལ་སྐོར་ཁྲོམ་ར་བཅོས་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་མཉམ་སྤྱོད་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།

      ཁུལ་གསུམ་(གྲོང་ཁྱེར)གྱི་རོགས་ལས་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་བཙུགས་ཚུན་བདེ་ཆེན་གྱིས་《བདེ་ཆེན་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་བྱ་འགུལ་(2024ནས་2026ལོ་བར)》བཏོན་ནས།མཉམ་ལས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་ཏ་ལི་དང་ས་དམ་དཔུང་པ་མཉམ་གཤིབ་ཀྱིས་བྱ་འགུལ་སྤེལ་ནས་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་གསར་པ་སྔོག་འདོན་གང་ལེགས་བྱེད་པ་དང་། ཡུལ་སྐོར་ཁྲོམ་ར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་བཏང་བས་ལས་དོན་ཁག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

     མིག་སྔའི་བར་ཁུལ་གསུམ་(གྲོང་ཁྱེར)གྱིས་ཕན་ཚུན་ཡུལ་སྐོར་བ་མི་ཐེངས་ཁྲི་10ལྷག་ཙམ་བསྐྱལ་བ་དང་།ལྷག་པར་དུ་སྒུལ་འཁོར་ཤར་གཏོང་ཐུབ་རྗེས་སེམས་ཀྱི་ཉི་ཟླའི་གུང་གསེང་ཡུལ་སྐོར་ལས་དོན་ཁང་གིས་སྒུལ་འཁོར་ཡུལ་སྐོར་བ་བསུ་སྐྱེལ་བྱེད་པའི་ཐོན་རྫས་རབ་དང་རིམ་པ་བཏོན་ནས་ཆ་སྙོམས་ཉིན་2ནང་ཡུལ་སྐོར་ཚོགས་པ་1ལ་སྣེ་ལེན་ཞུས་པ་རེད།ཐད་ཀར་ས་དམ་ལ་འཕུར་བའི་གནམ་གྲུ་སྣེ་ལེན་བྱས་རྗེས་ཏ་ལི་ལ་བརྒྱུད་སྤྲོད་བྱས་པའི་ཡུལ་སྐོར་བ་13600ཟིན་པ་དང་། ས་དམ་ཡུལ་སྐོར་ཁང་ནས་བདེ་ཆེན་དུ་སྤོས་པའི་ཡུལ་སྐོར་བ་26400ཟིན་ཡོད།དེ་མིན་ད་ལོའི་ཏ་ལིའི་“ཟླ་གསུམ་པའི་ཁྲོམ་གཞུང་”གི་མི་རིགས་དུས་ཆེན་རིང་བདེ་ཆེན་གྱིས་ཏ་ལིའི་ཐེམ་ཐོ་ཡོད་པའི་ཡུལ་སྐོར་བས་གོ་ཆོད་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་ལ་བརྟེན་ནས་བདེ་ཆེན་གྱི་པོ་ཏ་མཚོ་མཛེས་ལྗོངས་ཁུལ་དང་སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ།ཆུ་དཀར་ཆུ་ནག་མཛེས་ལྗོངས་ཁུལ། ཁ་བ་དཀར་པོའི་མེ་ལོང་དང་འཁྱགས་རོམ་མཛེས་ལྗོངས་ཁུལ་སོགས་སུ་སྒོ་འཛིན་གྱི་རིན་གོང་ཕྱེད་ཀའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད།

     བདེ་ཆེན་ཀྱིས་ཏ་ལི། ས་དམ་དང་“ཚོགས་པ་སྒྲིག་འཛུགས་”བྱས་ཏེ་2023་ལོའི་ནུབ་བྱང་རིག་གནས་ཡུལ་སྐོར་གྱི་ཆེད་དོན་འོས་སྦྱོར་ཚོགས་འདུར་ཞུགས་ནས་ས་ཁོངས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བ་རེད།

བདེ་ཆེན་དང་ས་དམ་གྱིས་ཐུན་མོང་ཐོག་ལམ་བཤེར་སོགས་ཀྱི་ལས་དོན་སྤེལ་ནས་ཕྱོགས་གསུམ་པོའི་ཡུལ་སྐོར་ཞུ་གཏུག་བདག་སྤྲོད་ཀྱི་ཚུར་སྣང་མགྱོགས་མྱུར་ཐག་གཅོད་བྱེད་པའི་ལམ་སྲོལ་མགྱོགས་མྱུར་བཙུགས་ཏེ་ཡུལ་སྐོར་བས་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་ལ་ཁས་ལེན་བྱེད་ཚད་དང་སྙན་གྲགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།