སེམས་ཀྱི་ཉི་ཟླ་ཨ་བུ་སྐྱིད་མཚོའི་ཚོད་ལྟའི་རྐང་ཐང་ལམ་ཐིག་སྒོ་ཕྱེས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-24   རྩོམ་ཁུངས།   

    ཉེ་ཆར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་མ་འཇོག་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན།ལོ་ཕྱེད་ཙམ་གྱི་གྲ་སྒྲིག་བྱས་པ་བརྒྱུད་སེམས་ཀྱི་ཉི་ཟླ་ཨ་བུ་སྐྱིད་མཚོའི་རྐང་ཐང་ལམ་ཐིག་དེ2024ལོའི་ཟླ4པའི་ཚེས18ཉིན་ཚོད་ལྟའི་འཁོར་སྐྱོད་ཀྱི་ལས་ཀ་འགོ་ཚུགས་ཡོད། 


    ཉིན་དེར་ས་གནས་ཁག་ནས་ཡོང་བའི་རྐང་ཐང་ལ་དགའ་པོ་བྱེད་མཁན་དང་ཡུལ་སྐོར་བ་རྐང་ཐང་བརྒྱུད་ནས་ཨ་བུ་སྐྱིད་མཚོར་ཐོན་ཡོད་པ་དང་།མཐོ་སྒང་གི་ངོ་མཚར་ཞིང་ཡིད་སེམས་འགུགས་པའི་ཡིད་ལྗོངས་ལ་ལྟད་མོ་བལྟས་ཡོད། 


    རྐང་ཐང་འགྲུལ་བཞུད་ལ་དགའ་མཁན་སྐྱེས་མ་ཀྲང་ལགས་ཀྱིས་ང་ནི་འབྲོག་ར་བརྒྱུད་ནས་ཕལ་ཆེར་སྤྱི་ལེ་བཅུ་ལ་བསྐྱོད་པ་དང་། ལམ་བར་གྱི་མཛེས་ལྗོངས་ཤིན་ཏུ་ཡག     རྐང་ཐང་ཁྲོད་རང་གི་སེམས་ཁམས་ཀྱང་ཤིན་ཏུ་དྭངས་ལ་ངོ་མ་ཡོང་རིན་ཡོད་པ་ཞིག་རེད་ཅེས་ཟེར།  






    སེམས་ཀྱི་ཉི་ཟླའི་ཨ་བུ་སྐྱིད་མཚོ་མཛེས་ལྗོངས་ཁུལ་ནི་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་གྱི“གྲོང་ཁྱེར་གཅིག་ལ་གཤོག་པ་གཉིས”དུ་འབོད་པའི་ཡང་ཐང་གྲོང་རྡལ་དུ་གནས་ཡོད་ལ།   ཡང་ཐང་རྟེན་གཞིར་བྱས་པའི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས“སེམས་ཀྱི་ཉི་ཟླའི་དྭངས་གཙང་གི་གནས་མཆོག”ཞེས་བརྗོད་ཀྱི་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4200ཡས་མས་ཡོད་པ་དང་ལམ་བར་དུ་གངས་རིའི་རི་རྩེ་མོ་དང་།  ཨ་བུ་སྐྱིད་མཚོ།   གདོད་མའི་ནགས་ཚལ།  རི་མཐོའི་སྤང་ཐང་།  འབྲོག་ར། ཆུ་ཕྲན་དང་རྦབ་ཆུ།  རྡོ་གྲམ་ཐང་།  མེ་ཏོག་གི་ཞིང་ཁམས་སོགས་ས་མཐོའི་ཡུལ་ལྗོངས་ཉེ་ས་ནས་ལྟ་ཐུབ།  ཡུལ་ལྗོངས་ཧྲིལ་པོ་མཛེས་སྡུག་ལྡན་པས་དེ་ནི་སྤྲོ་སྣང་དང་འཚོལ་ཞིབ་རང་བཞིན་ཧ་ཅང་ཆེ་བའི་ཡུལ་སྐོར་རྐང་ཐང་གི་ལམ་ཐིག་ཅིག་ཡིན།