སེམས་ཀྱི་ཉི་ཟླ་ས་མཐོའི་རྩི་ཤིང་གླིང་གར་ཡུལ་རྒྱན་མེ་ཏོག་བཞད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


    ནམ་ཟླ་དྲོད་དུ་ཕྱིན་པ་ན། ང་ཚོས་ཁམ་བུའི་མེ་ཏོག་གི་མཛེས་སྡུག་མཐོང་བྱུང་ལ་རྒྱ་ལྕང་ལ་ལོ་འདབ་རྒྱས་པའི་གསོན་ཤུགས་ཀྱང་མཐོང་མྱོང་།    ཟླ་བཞི་བའི་ཟླ་མཇུག་གི་སེམས་ཀྱི་ཉི་ཟླར་ཡང་བསྐྱར་མེ་ཏོག་རེ་འགའ་བཞད་པའི་དུས་ལ་སླེབས་ཤིང་།    སེམས་ཀྱི་ཉི་ཟླ་ས་མཐོའི་རྩི་ཤིང་གླིང་གར་ཡུལ་རྒྱན་མེ་ཏོག་དང་།   ཧྲོས་ཞན་མེ་ཏོག    ཧྥེང་ཞིན་ཙི་མེ་ཏོག་སོགས་རྣམ་པར་བཞད་པས་ཡིད་འོང་ཉམས་དགའི་མེ་ཏོག་གི་འཇིག་རྟེན་ཞིག་གྲུབ་ཡོད། 

   ཉེ་སར་བཅར་ནས་ཞིབ་ཏུ་བལྟས་པ་ན། ཡུལ་རྒྱན་མེ་ཏོག་ལ་བཀྲག་མདངས་རབ་ཏུ་རྒྱས་ཤིང་།   བསིལ་རླུང་འཇམ་པོ་ལྡང་བ་ན་མགོ་ལྕོག་རེ་རེ་གར་དུ་རྩེན་པའི་རྣམ་པ་སྐྱིད།   མེ་ཏོག་གི་འཇིག་རྟེན་ན་མི་རྣམས་ཀྱིས་མཛེས་སྡུག་གིས་བསྩལ་བའི་སྤྲོ་སྣང་ལོངས་སུ་སྤྱོད་ཅིང་།    དཔྱིད་ཀྱི་དཔལ་ཡོན་ལ་བསྟོད་བསྔགས་དང་མེ་ཏོག་གི་མཛེས་པ་པར་མིག་དུ་བསྐྱོན་པར་བྲེལ།

    སྤྲོ་སྣང་ལྡན་པའི་དཔྱིད་དུས་ལ། སྐུ་ཉིད་སེམས་ཀྱི་ཉི་ཟླ་རྩི་ཤིང་སྐྱེ་དངོས་གླིང་གར་ཕེབས་དང་།  འདི་ནས་ཁྱེད་ཀྱིས་ཕྱོགས་བཞིའི་ཁོར་ཡུག་ལ་རྒྱང་བལྟ་བྱེད་ཞོར་འཆམ་འཆམ་བྱས་ཆོག་ལ།    དེ་ལས་ཀྱང་གླིང་ག་འདིའི་ཡུལ་རྒྱན་མེ་ཏོག་གི་མཛེས་སྡུག་གིས་ཁྱེད་ལ་བརྗེད་དཀའ་བའི་དྲན་པ་ཞིག་འཇོག་ངེས་ཡིན།