དཔེ་དེབ་ཀློག་པར་དོན་སྙིང་ཅི་ཞིག་ཡོད་དམ་ཞེ་ན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-23   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

དཔེ་དེབ་ཀློག་པར་དོན་སྙིང་ཅི་ཞིག་ཡོད་དམ་ཞེ་ན།

པེ་ཅིང་སློབ་ཆེན་གྱི་སློབ་སྤྱིའི་བཀའ་མོལ་འདི་ལས་ང་ཚོས་དཔེ་དེབ་ཀློག་པའི་དོན་སྙིང་གསལ་པོ་རྟོགས་ཐུབ།


ཕྱི་དངོས་པོའི་འབྱོར་འཁོས་ཞན་ན་ཁྱེད་རང་རེ་ཞིག་སྡུག་ལ་སྦྱོར་སྲིད་མོད།

འོན་ཀྱང་། ནང་བསམ་པའི་འཇིག་རྟེན་དེ་དབུལ་པོར་གྱུར་ན། ཚེ་གང་སྡུག་ལ་སྦྱོར་སྲིད།


བརྩོན་པ་དང་དུ་བླངས་ཚེ་འབྲས་བུ་མི་ཐོབ་པ་མེད་ལ།

དཔེ་དེབ་གྲོགས་སུ་བསྟེན་ཚེ་ངལ་བ་འབྲས་མེད་དུ་གྱུར་ག་ལ་སྲིད།


བཀླགས་པའི་དཔེ་དེབ་རེ་རེ་ལས།

ཁྱེད་ཀྱིས་སྤྱི་ཚོགས་འདིར་རིམ་བཞིན་རྒྱུས་མངའ་ལོན་ཐུབ་ལ།

བློ་མུན་བསལ་ནས་ཤེས་རབ་ཀྱི་འོད་སྣང་མཐོང་ཐུབ།


མ་གཞི་དཔེ་དེབ་ཀྱི་རིན་གོང་དམའ་ཙམ་ཡོད་མོད།

དེས་ཤེས་བྱར་རིན་ཐང་མེད་པ་ག་ལ་མཚོན།


དཔེ་དེབ་བཀླགས་ན།

ཁྱེད་རང་ལ་ཐོབ་གོ་ས་དང་མཚན་སྙན་གྲགས་ཡོང་བའི་ངེས་པ་མེད་ལ།

འོད་ཟེར་སྟོང་ལྡན་གྱི་མདུན་ལམ་བཟང་པོ་ཡོང་བའི་ངེས་པའང་དེ་བས་མེད།


འོན་ཀྱང་། རྒྱུན་དུ་དཔེ་དེབ་མང་ཙམ་བཀླགས་ན།

བཤད་པའི་གཏམ་ལ་རྒྱུ་མཚན་ཡོད་པ་དང་།

བསྒྲུབས་པའི་ལས་ལ་གནས་ལུགས་ལྡན་པ་ཞིག་ཏུ་གྱུར་ངེས།


དཔེ་དེབ་ཀློག་རྒྱུ་དེ།

མི་ཚེའི་བཤུལ་ལམ་རིང་མོའི་སྟེང་གི་གདམ་ག་བྱ་ཡུལ་གཅིག་པུ་དེ་མིན་རུང་།

དཔེ་དེབ་མ་བཀླགས་ཚེ།

ཁྱེད་ཀྱི་མདུན་སྐྱོད་ཀྱི་ལམ་ལ་ཕྱོགས་སྟོན་གྱི་སྒྲོན་མེ་མེད་པ་དང་གཉིས་སུ་མ་མཆིས་སོ།།