མཛེས་པའི་གྲོང་གསེབ་ནས་རིག་གནས་དར་ཞིང་རྒྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཀོང་རྩེད་ར་ནི་ཀོང་ཇོ་རྩེད་འཇོ་རོལ་སའི་ར་བའི་དོན་ཡིན། གནས་འདིའི་སྐོར་བྲོ་རིག་གནས་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ལ། 2018ལོར་གནས་འདི་ལ་ཀྲུང་གོའི་སྐོར་བྲོ་རིག་གནས་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ་པ་དང་། འདི་ཡང་ལོ་རྒྱུས་ཐོག་ཡུན་བོད་ཇ་རྟའི་གནའ་ལམ་གྱི་གྲོང་རྡལ་གཙོ་བོ་ཞིག་ཡིན།སྐོར་བྲོ་དང་ཤིང་ཕོར་བཟོ་ཚུལ། སྲོལ་རྒྱུན་གྱི་མི་རིགས་གྱོན་ཆས་འཚེམ་བཟོ་སོགས་རིག་གནས་ཀྱི་བཀྲག་མདངས་རྣམ་པར་འཚེར།

    ཉེ་བའི་ལོ་ཤས་རིང་ས་གནས་སྲིད་གཞུང་གིས་རིག་གནས་ཡུལ་སྐོར་མཉམ་འདྲེས་+གྲོང་གསེབ་ཀྱི་ཡུལ་སྐོར་བྱེད་སྟངས་བཏོན་ནས་རྨང་གཞིའི་སྒྲིག་བཀོད་དང་། ཡུལ་སྐོར་ཞབས་ཞུ། གྲོང་གསེབ་དར་རྒྱས་ཡོང་བར་རོགས་རམ་བཅས་བྱས་ལ། ཁྱིམ་ཚང་རེ་རེའི་དམངས་ལུགས་སྡོད་ཁང་དང་།མགྲོན་ཁང་།ཞིང་ཁྱིམ་སྤྲོ་སྐྱིད་ཁང་སོགས་བསྐྲུན་པ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་བྱང་བུ་རེ་རེར་ཡུལ་སྐོར་བའི་དགའ་བསུ་ཐོབ་པ་ཐོག་ནས་ཀོང་རྩེད་རའི་གཏམ་རྒྱུད་གསར་བ་བཤད་ཀྱི་ཡོད།