སེམས་ཀྱི་ཉི་ཟླའི་ལའོ་ཡའོ་རི་བོའི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    བལྟས་པ་ཙམ་གྱིས་མིག་གི་དབང་བོ་འཕྲོག་ཅིང་ཡིད་སེམས་རབ་ཏུ་མགུ་བར་བྱེད་པའི་གནས་མཆོག་འདི་ནི་སུའེ་ཙེར་རྒྱལ་ཁབ་མིན་ལ་ཤིན་ཅང་གི་དབྱི་ལིའི་མཛེས་ལྗོངས་ཀྱང་མིན། འདི་ནི་ཀུན་གྱིས་བརྗེད་ཡུལ་དུ་གྱུར་བའི་སེམས་ཀྱི་ཉི་ཟླའི་ལའོ་ཡའོ་རི་བོ་སྟེ།   གནས་འདི་ནས་ཧ་པ་རི་བོ་དང་།   འཇང་རི་སྨུག་པོ།   རྫ་ཆུ་བཅས་ཀྱི་མཛེས་ལྗོངས་ལ་ཅིག་ཅར་དུ་བལྟས་ཆོག   བརྗིད་ཆགས་པའི་གངས་རི་དང་སྤང་ཐང་།   ལྷག་པར་མཐོ་སྒང་གི་སྟག་མའི་མེ་ཏོག་བཞད་པ་སོགས་རང་བྱུང་ཁམས་ཀྱི་མཛེས་སྡུག་མང་པོས་མཛེས་སྡུག་གི་རྒྱན་ཆ་སྤྲས་པ་ན་ཡུལ་འདི་ནི་རྐང་ཐང་གི་འགྲུལ་བཞུད་པ་ཚོའི་ཡིད་སེམས་རྨང་ནས་འགུགས་པའི་གནས་མཆོག་ཅིག་ཏུ་གྱུར་ཡོད།  



བརྙན་རིས་སྐོར་ལ་ཞིབ་ཏུ་དྲ་གནས་འདི་བརྒྱུད་ནས་གཟིགས་རོགས། 

https://mp.weixin.qq.com/s/lre4GfclBaevVk44Ft5kwQ