ཞིང་ལས་འཕྲུལ་ཆས་བེད་སྤྱོད་གཏོང་དུས་ཡིད་གཟབ་བྱེད་དགོས་པ་བརྒྱད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-15   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར།

        ཞིང་ལས་འཕྲུལ་ཆས་ནི་ཞིང་ལས་བྱེད་སྐབས་མེད་དུ་མི་རུང་བ་ཞིག་ཡིན་ཞིང་། དེས་ང་ཚོས་ཞིང་ལས་བྱེད་སྐབས་སྟབས་བདེ་ཆེན་པོ་སྐྲུན་གྱི་ཡོད་མོད། འོན་ཀྱང་། བེད་སྤྱོད་ཡག་པོ་གཏོང་མི་ཤེས་ཚེ། ལས་བཟོད་ཡང་དུ་འགྲོ་རྒྱུ་ལྟ་ཅི། ང་ཚོར་རྨས་སྐྱོན་བཟོ་སྲིད་ལ། ཐ་ན་ཚེ་སྲོག་འཕྲོག་པའི་ཉེན་ཁའང་བཟོ་སྲིད། དེས་ན་དེ་རིང་ང་ཚོ་མཉམ་དུ་ཞིང་ལས་འཕྲུལ་ཆས་སྤྱོད་སྐབས་ཀྱི་རྒྱུན་ཤེས་ཁག་གཅིག་ལ་རྒྱུས་ལོན་གནང་དང་། 

        དང་པོ།  ཞིང་ལས་འཕྲུལ་ཆས་སྤྱོད་སྟངས་ཀྱི་གསལ་བཤད་ཡི་གེར་ཡིན་གཅིག་ནན་པོ་བལྟས་ནས། མ་ནོར་བར་སྤྱོད་དགོས།

        གཉིས་པ།  གལ་ཏེ་འཕྲུལ་ཆས་འགགས་ན། ལམ་སེང་ལག་པ་གསེང་དུ་འཇུག་རྒྱུ་མེད་པར་ལག་ཆ་སྤྱོད་པའམ་ཡང་ན་གློག་བསད་རྗེས་ལྟ་དགོས།

        གསུམ་པ།  འཕྲུལ་ཆས་གཏོང་བཞིན་ཡོད་དུས། རྨས་སྐྱོན་མ་ཕོག་པའི་ཆེད་དུ། འཕྲུལ་ཆས་དང་རྒྱང་ཐག་རིང་ཙམ་འཇོག་དགོས་པ་དང་། དེའི་འགྲམ་དུ་ལས་ཀ་བྱེད་མི་རུང་བའི་དྲན་སྐུལ་བྱེད་དགོས།

        བཞི་པ།  གློག་སྐུད་འཚིག་པ་སོགས་ལས་མེ་སྐྱོན་མ་ཐོན་པའི་ཆེད་དུ། ལས་ཀ་མ་བྱས་གོང་ནས་འཕྲུལ་ཆས་ལ་བརྟག་དཔྱད་ཡག་པོ་བྱེད་དགོས།

        ལྔ་པ།  བཙས་མ་བརྔ་བ་དང་འདྲེན་ཁ་གཏོང་སྐབས་ནང་འབར་འཕྲུལ་འཁོར་ལ་མེ་ཟོན་ཁེབས་གཡོགས་པ་དང་མེ་གསོད་ཡོ་བྱད་བསྒར་དགོས།

        དྲུག་པ། ཞིང་ལས་འཕྲུལ་ཆས་ཐོག་ཁ་ལོ་བ་ཕུད། གཞོགས་སུ་མི་གཞན་དག་སྐྱོན་མི་རུང་།

        བདུན་པ། ཞིང་འཕྲུལ་ཡོ་ཆས་བཀོལ་སྤྱོད་བྱེད་སྐབས་རྨས་སྐྱོན་མི་ཕོག་པའི་ཆེད་དུ། ཁ་ལོ་བ་དང་ཞིང་ལས་འཕྲུལ་ཆས་གཏོང་མཁན་གྱིས་བསིལ་ལྷམ་དང་། འདྲུད་ལྷམ། དེ་བཞིན་གྱོན་གོས་ལྷབ་བེ་ལྷུབ་བེ་སོགས་གྱོན་མི་རུང་།

        བརྒྱད་པ།  གལ་སྲིད་ལས་འཛོལ་ཐོན་ཚེ། འཕྲལ་དུ་གློག་གསོད་དགོས་པ་མ་ཟད། དུས་ཐོག་ཏུ་119ལ་ཁ་པར་བརྒྱབ་ནས་རོགས་སྐྱོབ་གནང་རོགས་ཞུ་དགོས།