རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་བཙུགས་པའི་དོན་སྙིང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-15   རྩོམ་ཁུངས།    ཡོངས་འཛིན།

        གཅིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཕན་ཐོགས་ཡོད། 2014ལོའི་ཟླ4ཚེས15ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཐོག“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ”ཞེས་པ་ཐོག་མར་གསལ་པོར་བཏོན་ཞིང་དེ་ནི་དུས་སྐབས་གསར་པའི་ནང་ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་རྩ་བའི་བྱེད་ཕྱོགས་དང་སྲིད་ཇུས་ཡིན།

        གཉིས། སྲིད་གཞུང་དང་སྤྱི་ཚོགས་སྤྱི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད།རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སློབ་སྟོན་བསམ་བློར་བཟུང་ནས།སྲོལ་རྒྱུན་གྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་མི་འདྲ་བའི་རྒྱལ་ཁབ་བདེ་འཇགས་ལམ་ལུགས་རབ་དང་རིམ་པ་གཏན་འབེབས་བྱས་ཏེ།རྒྱལ་ཁབ་བདེ་འཇགས་ཀྱི་ནང་དོན་དེ་ཆབ་སྲིད་དང་དཔལ་འབྱོར།རིག་གནས།སྤྱི་ཚོགས་བཅས་ཀྱི་ཁྱབ་ཁོངས་ཁག་ཏུ་རྒྱ་བསྐྱེད་པ་དང་།རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ནི་ཆེད་དམིགས་ལས་ཁུངས་ཀྱི་ལས་འགན་ཁོ་ན་མ་ཡིན་པར།རྒྱལ་ཁབ་ཀྱི་ལས་ཁུངས་དང་སྤྱི་ཚོགས་རྩ་འཛུགས།སྤྱི་དམངས་བཅས་ཀྱི་འོས་འགན་དང་འགན་འཁྲི་ཡིན་པ་དམིགས་སུ་བཀར་ནས་ནན་བཤད་བྱས་ཡོད།
        གསུམ། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་ཟབ་ཏུ་གཏོང་རྒྱུར་ཕན་ཐོགས་ཡོད། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ནང་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་འཛུགས་པ་ནི་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་ཤེས་བྱ་གཅིག་སྡུད་ཐོག་བརྒྱུད་སྒྲོག་བྱེད་པ་དང་དུས་ཐུང་ནང་དྲིལ་སྒྲོག་གི་ཕན་འབྲས་བཟང་པོ་ཐོན་ནས།སྤྱི་ཚོགས་ཀྱི་སྤྱི་དམངས་དེ་བས་མང་བ་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་བཅའ་ཁྲིམས་ཤེས་བྱ་དང་འབྲེལ་བ་དང་།ཤེས་རྟོགས་ཐུབ་པ།སྒོས་སུ་ཇི་ལྟར་བྱས་ནས་རང་ངོས་ཀྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ཐད་ཀྱི་འགན་འཁྲི་དང་འོས་འགན་ཁྲིམས་ལྟར་ལག་བསྟར་བྱེད་དགོས་ལུགས་ཤེས་པ་བྱ་རྒྱུ་དེ་རེད།