བདེ་ཆེན་ཁུལ་གྱི་དུས་ཚིགས་དང་པོའི་ཡུལ་སྐོར་གྲུབ་འབྲས་ཡག་པོ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། 2024ལོའི་ཟླ་དང་པོ་ནས་གསུམ་པའི་བར་བདེ་ཆེན་ཁུལ་གྱིས་རིམ་རྩིས་བྱས་ན་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་543.9ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་19.94%འཕར་བ། རིམ་རྩིས་བྱས་ན་རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་67.25བྱུང་བ་དེ་དུས་མཚུངས་ལས་34.90%འཕར་ཡོད་པ་རེད།
图片
图片
        2024ལོའི་དུས་ཚིགས་དང་པོ་ལ་ཕྱིར་ལྟ་བྱས་ན། བདེ་ཆེན་ཁུལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་དོན་ཆེན་རྒྱུན་ཆད་མེད་པར་ཐོན་པ་དང་བཀྲ་ཤིས་པའི་བྱ་བ་བཟང་པོ་གཅིག་རྗེས་གཉིས་མཐུད་ངང་ཐོན་པ། ཁྱད་ལྡན་བཀྲག་མདངས་འཚེར་ས་ཡང་ཡང་ཐོན་ནས་ཡུལ་སྐོར་བྱ་ཡུལ་གྱི་འཆར་ཚད་དང་སྙན་གྲགས་ཆེ་རུ་ཕྱིན་པ་དང་ཡིད་དབང་འཕྲོག་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།
图片
        ཟླ་བ་དང་པོའི་ནགས་ཕག་མཚོ་འགྲམ་དུ་བདེ་ཆེན་གྱིས་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་སྐབས་དྲུག་པ་བསུ་བ། 
图片
图片
        ཟླ་བ་གཉིས་པ་ནི་དཔྱིད་གསར་དུས་ཆེན་གྱི་སྐབས་ཡིན་པས་དགའ་སྟོན་རྟེན་འབྲེལ་དང་འདུ་འཛི་ཆེ་བའི་དཔྱིད་གསར་དུས་ཆེན་གྱི་རིག་གནས་དམངས་ཕན་བྱེད་སྒོ་དང་དགའ་སྤྲོ་ཤམ་བྷ་ལའི་བྱེད་སྒོ་རབ་དང་རིམ་པ་རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་དུ་འགོ་ཚུགས་པ་དང་། ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་དང་ཕྱོགས་བཞིའི་ཡུལ་སྐོར་བས་ལག་གདང་སྦྲེལ་ནས་གླུ་དབྱངས་བླངས་ཏེ་ཞབས་བྲོ་འཁྲབ་ནས་དགའ་སྤྲོ་དང་བརྗེད་པར་དཀའ་བའི་འབྲུག་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཞིག་བཏང་བ་རེད། 
图片
图片
        ཟླ་བ་གསུམ་པར་སླེབས་དུས་ཆུ་དཀར་ཆུ་ནག་ལྗོངས་ཁུལ་དུ་སྟོན་པའི་རིག་གནས་ཡུལ་སྐོར་དུས་ཆེན་གཉེར་བ་དང་མང་ཚོགས་དང་ས་གནས་ཁག་གི་ཡུལ་སྐོར་བ་མཉམ་འཛོམས་བྱས་ཏེ་གླུ་ལེན་གར་འཁྲབ་ཀྱིས་དུས་ཆེན་དགའ་གཏོང་བྱས་པ་རེད།
图片
        ད་ལོ་ཤར་མ་ཐག བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་རང་བརྟེན་གསར་གཏོད་བྱས་ནས་བཏོད་པའི་"རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་"དང་། "ཨ་ཁུ་འབྲི་གཡག" "ནས་ཀྱི་གཅེན་མོ་"བཅས་ཀྱི་གཟུགས་བརྙན་དེ་སྔ་རྗེས་སུ་འདར་དབྱངས་སོགས་བརྙན་ཐུང་སྟེགས་བུ་ཆེན་པོ་གསུམ་ནས་མངོན་པ་དང་། གཟུགས་བརྙན་ཆེན་པོ་ཁག་བདེ་བླག་ངང་སྐོར་བ་བརྒྱབ་པ་དང་མི་སེམས་སུ་ཟུག་ཡོད།