སེམས་ཀྱི་ཉི་ཟླའི་སྒུལ་འཁོར་ཐེངས་གྲངས་ལེགས་སྒྲིག་གསར་པ་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        “ལྕགས་ལམ་12306”གི་གནས་ཚུལ་ལ་གཞིགས་ན། 2024ལོའི་ཟླ་4ཚེས་11ཉིན་གྱི་མཚན་མོའི་ཆུ་ཚོད་12ནས་བཟུང་། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་མེ་འཁོར་འཁོར་སྐྱོད་དཔེ་རིས་གསར་པ་ལག་བསྟར་བྱས་པ་དང་དཔེ་རིས་ལེགས་སྒྲིག་བྱས་རྗེས་སེམས་ཀྱི་ཉི་ཟླ་ནས་ཉིན་ལྟར་མེ་འཁོར་ཐེངས་གྲངས་14(དེའི་ནང་C442དང་C644ཟླ་4ཚེས་12ཉིན་ནས་གཏོང་འགོ་ཚུགས་པ) བར་མང་དུ་ཕྱིན་ཡོད་པ་རེད། ཉིན་རེའི་མེ་འཁོར་ཆ་7གྱི་ནང་དུ་ཆ་5ནི་བསྐྱར་འབྲེལ་འཁོར་སྐྱོད་(འཁོར་སྒམ་16)་ཡིན་པ་དང་། ཆ་2ནི་ཚན་ཁག་རྐྱང་པའི་འཁོར་སྐྱོད་(འཁོར་སྒམ་8)ཡིན། ཐེངས་འདིའི་ལེགས་སྒྲིག་དཔེ་རིས་དུས་ཚིགས་དང་པོ་དང་བསྡུར་ན་སྔར་ལས་ལྷག་པར་ལེགས་སྒྲིག་དང་ལེགས་སྒྱུར་བྱས་པས། ཡུན་ནན་ནུབ་བྱང་ས་ཁུལ་གྱི་ཡུལ་སྐོར་གྲོང་ཁྱེར་བར་གྱི་དུས་དང་བར་སྟོང་གི་བར་ཐག་ཇེ་ཐུང་དུ་བཏང་ཡོད།