བདེ་ཆེན་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོའི་ཡུལ་དངོས་ཀྱི་གཞུང་ལས་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ4པའི་ཚེས11ཉིན།བདེ་ཆེན་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོའི་ཡུལ་དངོས་ཀྱི་གཞུང་ལས་ཚོགས་འདུ་འཚོགས་པ།ཚོགས་འདུའི་ཐོག་ན་ནིང་ཚུན་གྱི་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་དོན་སྤེལ་ཚུལ་ཉན་པ་དང་ཡུལ་དངོས་སུ་ད་ལོའི་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་གཙོ་གནད་དང་དཀའ་གནད་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་ཚོགས་འདུར་ཕེབས་པ།

    ཁུལ་ཨུའི་རྒྱུན་ཨུ། བདེ་ཆེན་ཡན་ལག་དམག་ཁུལ་ཁང་གི་སི་ལིང་ཡོན་ཧྥེ་པིང་ཆང་གིས་གཙོ་སྐྱོང་གནང་བ་དང་། ཡན་ལག་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་དབྱང་ཁྲེང་ལེའང་ཚོགས་འདུར་ཞུགས་ཡོད་པ་རེད།

    ལུའོ་ཁྲའོ་ཧྥེང་གིས་2023་ལོ་ནས་བཟུང་རང་ཁུལ་གྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཁུལ་ཨུའི་དམག་དོན་གྲོས་ཚོགས་དང་ཡུལ་དངོས་ཀྱི་གཞུང་ལས་ཚོགས་འདུ་སོགས་ཀྱི་གཞི་རྩའི་ལམ་ལུགས་རྒྱུན་ཆད་མེད་པར་ཚད་ལྡན་དང་དོན་འཁྱོལ་བྱས་ནས། དཀའ་གནད་ཆེ་བའི་གནད་དོན་གཅིག་སྡུད་ཐོག་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ་ཏང་གིས་དྲག་ཆས་ལས་དོན་ལ་དོ་དམ་བྱེད་པའི་འཁོར་སྐྱོད་དེ་བས་ཚད་ལྡན་དང་འགན་འཁྲིའི་སྦྲེལ་ཐག་དེ་བས་དམ་དུ་གཏོང་བ། ཕན་འབྲས་འགན་ལེན་དེ་བས་ནུས་ལྡན་ཡོང་རྒྱུར་སྐུལ་འདེད་བཏང་བས་ཁུལ་ཡོངས་ཀྱི་ཏང་གིས་དྲག་ཆས་ལས་དོན་ལ་དོ་དམ་བྱེད་པའི་སྤྱི་ཡོངས་ནས་ཡར་རྒྱས་དང་ལེགས་པའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད་ཅེས་བསྟན་པ་རེད།

    ལུའོ་ཁྲའོ་ཧྥེང་གིས་ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་དཔུང་འཛུགས་སྐྱོང་ལོ་བརྒྱའི་འབད་འཐབ་དམིགས་ཚད་དང་ནུས་ཤུགས་ཡོད་རྒུས་རྒྱལ་སྲུང་སྐུལ་སློང་གི་འདེགས་སྐྱོར་དང་རྒྱལ་ཁ་ལེན་པའི་ནུས་པ་ཆེ་རུ་གཏོང་བའི་ལོ་གལ་ཆེན་ཞིག་ཡིན་པས་ཕྱོགས་ཁག་གི་ལས་དོན་ཡག་པོ་སྒྲུབ་པའི་བླང་བྱ་དེ་བས་མཐོ་བ་དང་འགན་འཁྲི་དེ་བས་ལྕི་བ་ཡོད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་རྒྱལ་སྲུང་སྐུལ་སློང་ལ་ཤུགས་སྣོན་རྒྱག་པ། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པ་སོགས་སྐོར་གྱི་མཛུབ་སྟོན་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་ནས་ལག་བསྟར་བྱས་ཏེ་རྒྱལ་ཁབ་དང་དམག་དཔུང་འཛུགས་སྐྱོང་གི་འཕེལ་ཕྱོགས་ཆེན་པོའི་རྗེས་སུ་དམ་པོར་འབྲངས་ནས་སྔོན་ཆད་ཀྱི་བསམ་གཞིགས་དང་།རང་རྟོགས་ཀྱིས་རྒྱལ་སྲུང་། དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རང་འཁྲིའི་ལས་ཀ་དང་སྒྲུབ་འོས་པའི་འགན་འཁྲིར་བརྩི་དགོས། གནད་དོན་གྱི་ཁྲིད་ཕྱོགས་བརྟན་པོ་འཛུགས་པ་དང་། ཕྱོགས་གཉིས་ནས་ལས་འགན་གཅིག་ལྕོགས་འཁུར་བ། ཏང་ཨུའི་གྲོས་ཚོགས་དང་དམག་དོན་གྲོས་ཚོགས། འགོ་ཁྲིད་ལས་བྱེད་པས“དམག་དོན་ཉིན་མོ”རོལ་བ། ཡུལ་དངོས་སུ་གཞུང་ལས་སྒྲུབ་པ་སོགས་ཀྱི་ལམ་ལུགས་འགྱུར་མེད་དོན་འཁྱོལ་ཡག་པོ་བྱས་ཏེ། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་དོན་ཁག་སྔར་ལས་དམ་འཛིན་ཏན་ཏིག་བྱ་དགོས་ཞེས་ནན་གྱིས་བསྟན། 

    ལུའོ་ཁྲའོ་ཧྥེང་གིས་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་རྒྱལ་སྲུང་སྐུལ་སློང་འཛུགས་སྐྱོང་གི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་དང་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ་རོགས་སྐྱོར་དམག་འཐབ་དང་དམག་འཐབ་འགན་ལེན་གྱི་ནུས་པ་ཆེ་རུ་གཏོང་བའི་རྩ་བའི་སྟོན་ཕྱོགས་དེར་དམ་པོར་དམིགས་དགོས།ད་ལོར་འཛུགས་སྐྲུན་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་། དམག་སྦྱོང་དང་དམག་གྲབས་དམ་འཛིན་བྱས་ནས་དམག་བསྡུའི་སྤུས་ཚད་མཐོ་རུ་གཏོང་བ། རྨང་གཞི་རྒྱུན་མཐུད་ངང་བརྟན་དུ་གཏོང་བ་བཅས་ཀྱི་གཙོ་གནད་ལས་འགན་4མངོན་གསལ་དུ་དམ་འཛིན་ཡག་པོ་བྱ་དགོས། འགན་འཁྲི་ནན་དུ་བཏང་ནས་དམག་དཔུང་དང་ས་གནས་མཉམ་འགུལ་ལས་དོན་གྱི་ཕན་ནུས་སྔར་བས་འཕེལ་བ་བྱེད་དགོས།འགན་འཁྲི་ཁག་བགོས་སྔར་བས་ཁ་གསལ་བཟོ་བ་དང་སྒྲུབ་སྐུལ་ལམ་སྲོལ་དོན་འཁྱོལ་བྱེད་པ། ལས་ཀའི་མཉམ་ཤུགས་གཅིག་ཏུ་སྒྲིལ་ནས་“ཁྲིམས་གསུམ་ཅན་གསུམ་”་གྱི་བླང་བྱ་གཞིར་བཟུང་རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་ཁུལ་ཡོངས་ཀྱི་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན་པ་རེད།

    ཁྲེན་ཆུན་དང་།ཡུས་ཀུའེ་ཧྥུན།ཧོང་ཀྲི་སོགས་ཚོགས་འདུར་ཞུགས་པ་རེད།