བདེ་ཆེན་དང་ཧྲང་ཧའེ་ཧྲེན་ཁའེ་སྤྱི་པའི་འགྲིམ་འགྲུལ་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སི་དབར་བཞུགས་མོལ་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-12   རྩོམ་ཁུངས།   

    ཟླ་4པའི་ཚེས་11ཉིན་རང་ཁུལ་དང་ཧྲང་ཧའེ་ཧྲེན་ཁའེ་སྤྱི་པའི་འགྲིམ་འགྲུལ་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སི་དབར་བཞུགས་མོལ་གནང་བ་དང་ཕྱོགས་གཉིས་པོས་འབྲེལ་ཡོད་མཉམ་ལས་རྣམ་གྲངས་ལ་དམིགས་ནས་འབྲེལ་གཏུག་སྤེལ་རེས་གནང་བ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཧྲང་ཧའེ་ཧྲེན་ཁའེ་སྤྱི་པའི་འགྲིམ་འགྲུལ་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཐེན་དབྱི་ཧྥེང་བཞུགས་མོལ་ལ་ཞུགས་པ་རེད།

    ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་གཙོ་སྐྱོང་གནང་བ་རེད།

     ཚོགས་འདུའི་ཐོག་འབྲེལ་ཡོད་ལས་ཀའི་གནས་ཚུལ་སྙན་ཞུ་ཉན་པ་རེད།  

  ལུའོ་ཁྲའོ་ཧྥེང་གིས་ཧྲང་ཧའེ་ཧྲེན་ཁའེ་སྤྱི་པའི་འགྲིམ་འགྲུལ་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སི་དང་བཅས་པ་ད་ཐེངས་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་རེད། ཁོང་གིས་བདེ་ཆེན་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ཤུགས་ཆེན་དང་ཁྲོམ་རའི་མདུན་ལམ་རྒྱ་ཆེ་བ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་ཡོད། ཧྲང་ཧའེ་ཧྲེན་ཁའེ་ཚོགས་པའི་ལྗང་མདོག་དང་། ཐཱན་ཉུང་། སྣོད་བཅུད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་དེ་བདེ་ཆེན་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་འཕེལ་རྒྱས་ཀྱི་མཐུན་ས་མང་པོ་ཡོད།

       ཕྱོགས་གཉིས་པོས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ་དང་གོ་སྐབས་དམ་འཛིན་བྱས་ཏེ་རྣམ་གྲངས་ལ་ཞིབ་མཆན་འགོད་པ་དང་། རྣམ་གྲངས་འཛུགས་པ། འཛུགས་སྐྲུན་བཅས་ལ་སྐུལ་འདེད་བློ་བརྟན་འགྱུར་མེད་ངང་མགྱོགས་མྱུར་བཏང་ནས་མཉམ་ལས་གཉིས་ཕན་ཡོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད། ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རང་འགུལ་ངང་ཁེ་ལས་ལ་ཞབས་འདེགས་ཞུ་རྒྱུ་དང་། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུ། སྲིད་ཇུས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུ། ཁེ་ལས་དང་མཉམ་དུ་མཉམ་འདར་བྱས་ཏེ་མཉམ་དུ་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཐེན་དབྱི་ཧྥེང་གིས་བདེ་ཆེན་གྱི་རང་བྱུང་ཁོར་ཡུག་ལེགས་པ་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ཡུལ་སྐོར་ཐོན་རྫས་རྣམ་གྲངས་གསར་པ་དེས་འཛམ་གླིང་གི་“ཤམ་བྷ་ལ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཕྱོགས་གཉིས་པོས་དུས་འགོའི་ལས་དོན་གྱི་རྨང་གཞིའི་ཐོག་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ་དང་འབྲེལ་གཏུག་སྤེལ་རེས་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་སྔ་ཙམ་ལག་ལེན་བསྟར་རྒྱུའི་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

རང་ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་། ཁྲེན་ཆུན། ལི་ཐའོ་བཅས་དང་ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཞུགས་མོལ་ནང་ཞུགས་ཡོད།