ཁུལ་གྱི་ཚན་ཁག་བཞིའི་འགོ་ཁྲིད་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིནཟླ4པའི་ཚེས་11ཉིན།  ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་སོགས་ཁུལ་གྱི་ཚན་ཁག་བཞིའི་འགོ་ཁྲིད་2024ལོའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འོས་འགན་ཤིང་འཛུགས་བྱ་ཡུལ་དུ་ཕེབས་ནས།  ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ལས་བྱེད་པ་དང་ནགས་སྲུང་བའི་འཐུས་མི་དང་མཉམ་དུ་2024ལོའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་སེམས་ཀྱི་ཉི་ཟླར་སྔོ་ལྗང་ཚོན་མདངས་བསྣན་ཡོད།

        ཤིང་འཛུགས་བྱེད་སྒོའི་ཡུལ་དངོས་སུ།  ཁུལ་གྱི་འགོ་ཁྲིད་ཀྱིས་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ས་རྐོ་བ་དང་། ཆུ་གཏོར་བ་སོགས་བྱས་ནས་ལས་རིམ་རེ་རེ་ནན་ཏན་གྱིས་ལེགས་འགྲུབ་དང་། ཤིང་ཕྲུག་རྐང་རེ་རེ་ཞིབ་ཚགས་ཀྱིས་འཛུགས་ཡོད། ཚང་མའི་དཀའ་སྤྱད་ངལ་རྩོལ་འོག་ཡུན་ཧྲན་སྡོང་རྐང་500ཀྲོང་ངེར་ལངས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ལྗང་མདོག་གི་རེ་བ་འཕེལ་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་རང་ཁུལ་གྱིས་དམངས་ཡོངས་ཀྱི་འོས་འགན་ཤིང་རྐང་ཁྲི་170འཛུགས་རྒྱུའི་འཆར་གཞི་ཡོད་པ་རེད།