ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚམས་འདྲི་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་4པའི་ཚེས་8ཉིན་གྱི་ཕྱི་དྲོ།    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚམས་འདྲི་ཞུས་པ་རེད།     ལུའོ་ཁྲའོ་ཧྥེང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཡིག་སྐུར་ངོ་གཏུག་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་མངོན་འགྱུར་ཡོང་ཆེད་འགན་ལེན་བརྟན་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།  

    ཉིན་དེར་ལུའོ་ཁྲའོ་ཧྥེང་གིས་ཡིག་སྐུར་ངོ་གཏུག་མང་ཚོགས་ཀྱིས་བཏོན་པའི་གནད་དོན་དང་རེ་ཞུ་ཉན་པ་དང་བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་གནད་དོན་ལ་ལན་བཏབ་པ་དང་འབྲེལ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གནད་དོན་ཐག་གཅོད་ཞིབ་འཇུག་བྱས་པ་རེད།     ཡིག་སྐུར་ངོ་གཏུག་མང་ཚོགས་ཀྱིས་གནད་དོན་ཐག་གཅོད་ཐུབ་པར་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད།      ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེཡིག་སྐུར་ངོ་གཏུག་ལས་དོན་སྲོལ་ཡིགཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་ཡག་པོ་བྱས་ཏེ་ཡིག་སྐུར་ངོ་གཏུག་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་དབང་ཆ་དང་འགན་འཁྲི་གསལ་པོ་དང་།    གཞི་གྲངས་གསལ་བ།    ཁྲིམས་ལྟར་སྒྲུབ་པ།    སྒྲིག་ལམ་ཡག་པོ་ཡོད་པ།    མང་ཚོགས་བློ་ཡིད་ཚིམ་པ་བཅས་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།     ལས་ཀ་བྱེད་སྟངས་གསར་གཏོད་བྱས་ཏེ།    ཀྲུང་དབྱང་གི་“གཞི་རིམ་དུ་ཞུགས་པ་བཞི་”ཡི་བླང་བྱ་ལྟར།    “མང་ཚོགས་ཀྱིས་ཞུ་གཏུག་བྱེད་པ”དེ་“ལས་བྱེད་པས་ཞུ་གཏུག་བྱེད་པ”དུ་བསྒྱུར་ཏེ།    ས་གནས་ས་ཐོག་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ས་གནས་སུ་སོང་ནས་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱ་དགོས།     དམངས་འདུན་རྒྱ་ཁྱབ་ཏུ་ཉན་པ་དང་།    མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ་རིགས་གཅིག་ལན་ཚིག་དང་རིགས་དབྱེ་གསེད་དཀྲོལ་དང་།    རང་འགུལ་ངང་བྱ་བ་སྒྲུབ་པ།    ལས་ཀ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱི་ལས་ཀ་ནན་ཏན་ཞིབ་ཚགས་ཡག་པོ་བསྒྲུབས་ནས་འགལ་བའི་གནད་དོན་མྱུ་གུ་འབུས་པའི་གནས་སུ་སེལ་ཏེ་ཁུལ་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།    

    རང་ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་པའོ་ཡུས་ཏུང་།    ཁུལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་འཚམས་འདྲི་ནང་ཞུགས་ཡོད་པ་རེད།