ཁུལ་ཨུ་སྐོར་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་མངོན་གསལ་དོད་པའི་གནད་དོན་དག་ཐེར་བཅོས་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུའི་ཐོག་སྐོར་ཞིབ་དག་ཐེར་གྱི་རྒྱུན་གཏན་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་ནན་དུ་བཏང་སྟེ་“རྩོམ་ཡིག་ཕྱི་མ”ཡག་པོ་འབྲི་དགོས་པའི་ནན་བཤད་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ4པའི་ཚེས་9ཉིན།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུ་སྐོར་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་མངོན་གསལ་དོད་པའི་གནད་དོན་དག་ཐེར་བཅོས་སྒྲིག་གི་ཆེད་དོན་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།ཚོགས་འདུའི་ཐོག་སྐོར་གཟིགས་དག་ཐེར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐོར་གཟིགས་དག་ཐེར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་ཞིང་ཨུ་སྐབས་བཅུ་གཅིག་པའི་རེས་སྐོར་དྲུག་པའི་སྐོར་གཟིགས་ལས་མངོན་གསལ་དོད་པའི་གནད་དོན་ཤེས་རྟོགས་བྱུང་བའི་སྙན་སེང་གསན་སྐབས་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ།སྐོར་ཞིབ་དག་ཐེར་ལས་དོན་ལ་ཕྱོགས་སྡོམ་དང་སྐོར་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་མངོན་གསལ་དོད་པའི་གནད་དོན་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་ནས་དག་ཐེར་བཅོས་སྒྲིག་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་སྐབས་དགུ་པའི་ཁུལ་ཨུའི་རེས་སྐོར་དྲུག་པ་དང་བདུན་པའི་སྐོར་ཞིབ་ལས་ཤེས་རྟོགས་བྱུང་བའི་མངོན་གསལ་དོད་པའི་གནད་དོན་དག་ཐེར་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་རེད།ཁུལ་ཨུ་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀུའེ་ཅུན་ལིའུ་དང་ཙུའུ་ཀྲང་གཞོན་པ་ལི་དབྱང་གིས་སོ་སོས་གཏམ་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྐོར་གཟིགས་དག་ཐེར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྐོར་གཟིགས་སྐོར་ཞིབ་དག་ཐེར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།དག་ཐེར་ཡོ་བསྲང་བྱ་རྒྱུ་དེ་རྒྱུན་ལྡན་གྱི་ལས་ཀ་དང་། བསྒྱུར་བཅོས་ཟབ་སྤེལ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་།ཚན་པའི་དཔུང་ཁག་འཛུགས་སྐྱོང་བཅས་ཀྱི་ནང་དུ་འདྲེས་པར་བྱས་ཏེ་ལྟ་སྐུལ་དང་།དག་ཐེར་ཡོ་བསྲང་།བཅོས་སྐྱོང་བཅས་ཀྱི་ཕན་ནུས་ཆེས་ཆེ་བ་མངོན་འགྱུར་བྱེད་པ་དང་།དག་ཐེར་ཡོ་བསྲང་གི་བྱ་སྤྱོད་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས་“གཏན་འཁེལ་གཉིས་”ལ་ལྷག་བསམ་རྣམ་དག་གིས་བརྩི་བཀུར་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པར་བྱ་དགོས་ཞེས་ནན་གྱིས་བསྟན།

    ཚོགས་འདུའི་ཐོག་སྐབས་དགུ་པའི་ཁུལ་ཨུ་ནས་བཟུང་བདེ་ཆེན་གྱིས་དམིགས་ཚད་ཏང་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་སྐོར་གཟིགས་སྐོར་ཞིབ་དག་ཐེར་དང་གྲུབ་འབྲས་བེད་སྤྱོད་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་བྱེད་པོའི་འགན་འཁྲི་རྒྱུན་མཐུད་ངང་བརྟན་དུ་གཏོང་བ། ལྟ་སྐུལ་སྦྲེལ་ཐག་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ་དང་ལམ་ལུགས་དང་ལམ་སྲོལ་ཉིན་བཞིན་འཐུས་སྒོ་ཚང་དུ་བཏང་བས་དག་ཐེར་ལས་དོན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་སྐོར་གཟིགས་སྐོར་ཞིབ་ཀྱི་རྩ་ལག་མཉམ་བཅོས་ཀྱི་འཐབ་ཇུས་ནུས་པ་འདོན་སྤེལ་ལེགས་ཙམ་བྱས་ཡོད།རིམ་ཁག་ཏང་རྩ་འཛུགས་ཀྱིས་མངོན་གསལ་དོད་པའི་གནད་དོན་དག་ཐེར་གནད་ལ་མི་འཁེལ་བའི་གནས་ཚུལ་སྐོར་ཞིབ་བྱས་ནས་ཤེས་རྟོགས་བྱུང་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་“དག་ཐེར་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་རང་འཁྲིའི་ལས་འགན་ཡིན་པ་དང་དག་ཐེར་ལ་དམ་འཛིན་མ་བྱས་ན་འགན་འཛོལ་ཡིན་པ་དང་དག་ཐེར་ནུས་ལྡན་མ་བྱུང་ན་འགན་འཛོལ་ཡིན་པའི”ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཧེ་བག་དང་མི་འདང་ས་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་བྱེད་པ་དང་།དག་ཐེར་ཡོ་བསྲང་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་།བསམ་བློའི་རང་རྟོགས།བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་བ་དང་།དར་ཆ་གསལ་སྟོན་གྱི་རྣམ་འགྱུར་དང་བློ་ཐག་རྦད་ཆོད་ཀྱི་བྱེད་ཐབས་ནུས་ལྡན་འདོན་པ།སྐོར་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ཡོ་བསྲང་དང་བཅོས་སྐྱོང་བྱེད་པའི་ལས་ཀ་གཟབ་ནན་དང་ནན་ཏན་གྱིས་དམ་འཛིན་ཡག་པོ་བཅས་བྱས་ཏེ་འགན་འཁྲི་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོལ་བ་དང་།དྲོད་ཚད་མཐའ་འཁྱོལ་བ།ལས་འགན་དམ་འཛིན་མཐར་ཕྱིན་པ་བཅས་བྱེད་པར་འགན་ལེན་ཏན་ཏིག་བྱས་ནས་གནད་དོན་དག་ཐེར་ཡོ་བསྲང་གནད་ལ་འཁེལ་བར་བྱ་དགོས་ཞེས་ནན་གྱིས་བསྟན།

    ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྐོར་ཞིབ་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་། དབང་གྲགས་རང་བཞིན། གཟབ་ནན་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་“དག་ཐེར་ཡོ་བསྲང་དོན་འཁྱོལ་མ་བྱས་ན་ཏང་ལ་བློ་དཀར་སེམས་དཀར་མི་བྱེད་པ”ཡིན་པའི་འགན་འཁྲིའི་འདུ་ཤེས་བརྟན་པོ་འཛུགས་པ་དང་།སྐོར་ཞིབ་དག་ཐེར་ཡོ་བསྲང་གི་འགན་འཁྲིའི་འདུ་ཤེས་དང་།དགོས་གཏུག་ཆེ་བའི་འདུ་ཤེས། ལས་འགན་སྒྲུབ་སེམས་བཅས་ཆེ་རུ་བཏང་ནས་སྐོར་ཞིབ་དག་ཐེར་ཡོ་བསྲང་རྒྱུན་མཐུད་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་།“གྲོས་དོན་དང་པོའི”ལམ་སྲོལ་འགན་ལེན་དུ་བྱས་ཏེ་སྐོར་ཞིབ་དག་ཐེར་གྱི་ཆབ་སྲིད་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་དག་ཐེར་གྱི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་དགོས།“མིག་སྔའི་ཡོ་བསྲང་”དང་“ཕུགས་ཀྱི་འཛུགས་སྐྱོང་”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྐོར་ཞིབ་ཀྱི་གྲུབ་འབྲས་ཕྱོགས་བསྡུས་བེད་སྤྱོད་བྱས་ནས་སྐོར་ཞིབ་ལ་བརྟེན་ནས་ཡོ་བསྲང་ལ་སྐུལ་འདེད་དང་།སྐོར་ཞིབ་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད།་སྐོར་ཞིབ་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་བཅས་དངོས་འབྲེལ་བྱེད་ཐུབ་པ་བྱ་དགོས་པའི་བླང་བྱ་བཏོན་ཡོད།

    ཁུལ་གྱི་འགོ་ཁྲིད་ཁྲེན་ཆོན་དང་། ལི་ཐའོ།པའོ་ཡུས་ཏུང་བཅས་ཚོགས་འདུར་ཞུགས་ཡོད།