ཀྲང་ཝེ་ཏུང་གིས་ཁུལ་མི་དམངས་སྨན་ཁང་དུ་བརྟག་ཞིབ་ཕེབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་4པའི་ཚེས་8ཉིན།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་ཁག་སྣེ་ཁྲིད་དེ་བདེ་ཆེན་ཁུལ་མི་དམངས་སྨན་ཁང་དུ་བརྟག་ཞིབ་ཕེབས་པ་རེད།  ཁོང་གིས་ནན་བཤད་བྱས་དོན།  རྒྱ་ཆེ་བའི་སྨན་བཅོས་མི་སྣ་དག་གིས་མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པའི་ལས་ཀའི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་།  ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ། མཐུན་སྒྲིལ་འབད་འཐབ། གསར་གཏོད་ཡར་བརྩོན་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་དང་། འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

        བརྟག་ཞིབ་ཁྲོད།  ཀྲང་ཝེ་ཏུང་གིས་ཞིང་ཆེན་རིམ་པའི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་དང་ཧྲང་ཧའེ་ཡི་ཧུའུ་ཏན་ཁ་གཏད་རོགས་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་ལ་འཚམས་འདྲི་བྱས་པ་དང་།  གཅིག་འཐུས་རྣམ་པའི་དམངས་ཕན་ཞབས་ཞུའི་ལྟེ་གནས་བཙུགས་ཚུལ་དང་། ཕོ་བ་དང་རྒྱུ་མའི་སྐྲན་ནད་ལྟེ་གནས་ཀྱི་ནད་བརྟག་སྨན་བཅོས་ཞབས་ཞུ་སྤེལ་ཚུལ། དབུགས་འབྱིན་རྔུབ་དང་ནད་ལྕི་བའི་སྨན་པའི་རིག་གཞུང་ཚན་ཁག་འཛུགས་སྐྲུན་བྱས་ཚུལ། འཕྲལ་བཅོས་མྱུར་སྐྱོབ་སྨན་བཅོས་ལག་རྩལ་ཐོག་ཁང་འཛུགས་སྐྲུན་རྣམ་གྲངས་གྲ་སྒྲིག་བྱས་ཚུལ་བཅས་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། ཁུལ་མི་དམངས་སྨན་ཁང་གི་འགོ་ཁྲིད་ཚན་པ་དང་བཞུགས་མོལ་སྤེལ་རེས་ཀྱང་བྱས་པ་རེད།

        ཀྲང་ཝེ་ཏུང་གིས་ཁུལ་མི་དམངས་སྨན་ཁང་གིས་རིམ་ལྡན་སྨན་ཁང་གི་བསྐྱར་ཞིབ་གོ་སྐབས་དང་བསྟུན་ནས་"སྣེ་ཁྲིད་པའི་"གནས་བབ་སྲ་བརྟན་དང་མཐོ་རུ་གཏོང་བ་དང་། དཔྱད་འདེམས་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་དང་དཔྱད་འདེམས་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་ལས་དོན་ཁག་སྔར་བས་ཚད་ལྡན་དུ་གཏོང་བ་དང་"མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པའི་"དམིགས་ཡུལ་ལག་ལེན་བསྟར་ནས་སྨན་ཁང་གི་ལམ་ལུགས་འཛུགས་སྐྱོང་དང་།ནང་དོན་འཛུགས་སྐྱོང་།ནུས་པ་འཛུགས་སྐྱོང་།ཚད་ལྡན་ཅན་འཛུགས་སྐྱོང་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་བློ་ཡིད་ཚིམ་པའི་རིམ་པ་གསུམ་པའི་ཚད་རིམ་དང་པོའི་སྨན་ཁང་འཛུགས་སྐྲུན་བྱེད་པའི་དམིགས་ཚད་དེའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ནས་སྨན་ཁང་གི་དོ་དམ་ཆུ་ཚད་དང་སྨན་བཅོས་ཞབས་ཞུའི་སྤུས་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན།

        ཀྲང་ཝེ་ཏུང་གིས་ནན་བཤད་བྱས་དོན། འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་དམ་འཛིན་བྱེད་པ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་ཁམས་བཟང་དམ་འཛིན་བྱེད་པ་ཞིག་ཡིན་པས་ལས་འགན་གཟི་བརྗིད་ལྡན་པ་དང་འགན་འཁྲི་ལྕི་པོ་ཡོད།བདེ་ཐང་དོན་གཉེར་བྱེད་པ་ནི་དམངས་འཚོ་དོན་གཉེར་བྱེད་པ་ཞིག་དང་བདེ་ཐང་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་ཞིག་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་འགན་འཁྲིའི་བསམ་པ་དང་། དགོས་གཏུགས་ཀྱི་བསམ་པ། ལས་འགན་སྒྲུབ་སེམས་བཅས་ཆེ་རུ་ཏན་ཏིག་བཏང་ནས་མང་ཚོགས་ཀྱི་"སྒོ་ཁའི་"སྨན་ཁང་ནུས་ཤུགས་ཡོད་རྒུས་ཡག་པོ་གཉེར་དགོས། ཁ་གཏད་རོགས་སྐྱོར་དང་"ཚོགས་སྒྲིག་རྣམ་པའི་"རོགས་སྐྱོར་སྲིད་ཇུས་གང་ལེགས་སྤྱད་དེ་"འཁྱེར་མི་ཐུབ་པའི་"རང་ཡུལ་གྱི་སྨན་བཅོས་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱེད་དགོས། ཤར་རྒྱུད་ཀྱི་བོད་འབྲེལ་ས་ཁུལ་གྱི་ས་ཁོངས་སྨན་བཅོས་ལྟེ་གནས་བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་པ་དང་ཉམས་ཞན་ཆེད་ལས་ཚན་ཁག་འཛུགས་སྐྱོང་ལ་དམིགས་ནས་རྒྱུན་མཐུད་ཤུགས་བརྒྱབ་སྟེ་སྤུས་ཚད་མཐོ་བའི་སྒོ་ནས་"ལྟེ་གནས་ཆེ་གྲས་ལྔ་"དང་ས་མཐོའི་ནད་འགོག་བཅོས་ལྟེ་གནས་དང་དེ་བཞིན་"རིག་ལྡན་སྨན་ཁང་"འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་ནས་སྨན་བཅོས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

        ཀྲང་ཝེ་ཏུང་གིས་ནན་བཤད་བྱས་དོན།  ངེས་པར་དུ་ཏང་གི་འགོ་ཁྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སྨན་ཁང་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྨན་ཁང་གི་ཏང་འཛུགས་སྐྱོང་དང་ལས་སྒོའི་ལས་དོན་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཏང་འཛུགས་སྐྱོང་གི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱེད་དགོས། མང་ཚོགས་དང་། ནད་པ། སྨན་བཅོས་མི་སྣ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་ཉན་འཇོག་བྱས་ཏེ། རང་འགུལ་གྱིས་འགྱུར་ལྡོག་ལ་བསམ་བློ་གཏོང་བ་དང་བསྒྱུར་བཅོས་གསར་གཏོད་བྱ་དགོས། བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་དང་སྒྲིག་ཁྲིམས་ཀྱི་དམར་ཐིག་བརྟན་སྲུང་བྱས་ཏེ་གཞི་གདངས་ནན་པོ་དང་། བྱེད་ཐབས་ནན་པོ། ངང་ཚུལ་ནན་པོ་བཅས་ཡུན་རིང་མཐའ་འཁྱོངས་དང་། སྨན་པའི་ཀུན་སྤྱོད་བཟང་པོ་འཛུགས་པ། གཟུགས་བརྙན་བཟང་པོ་འཛུགས་པ་བཅས་བྱས་ཏེ་"སྤྱོད་གཙང་སྨན་ཁང་"འཛུགས་སྐྲུན་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།

        ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲོང་ཞའོ་ཕིང་བརྟག་ཞིབ་ཏུ་ཞུགས།