བདེ་ཆེན་སེམས་ཀྱི་ཉི་ཟླའི་རིམ་པ་4.7་གྱི་ས་འགུལ་གནས་ཚུལ་བརྡ་ཁྱབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཀྲུང་གོ་ས་འགུལ་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན་2024ལོའི་ཟླ་4ཚེས་9ཉིན་གྱི་ཆུ་ཚོད་22དང་སྐར་མ་7གྱི་ཐོག་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ས་འགུལ་རིམ་པ་4.7བྱུང་བ་དང་། འགུལ་ཁུངས་གཏིང་ཚད་སྟོང་སྨི་10ཙམ་ཟིན་ལ་འགུལ་ལྟེ་འཕྲེད་ཐིག་བྱང་མའི་ཏུའུ་27.88དང་ཤར་གྱི་གཞུང་ཐིག་ཏུའུ་100.05ལ་གནས་ཡོད། འགུལ་ལྟེ་ནས་སེམས་ཀྱི་ཉི་ཟླའི་རྫོང་མཁར་དང་བར་ཐག་སྟོང་སྨི་35་ཡོད།

        ས་འགུལ་གྱི་གནས་ཚུལ་ཐོན་རྗེས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་དུས་ཐོག་ཏུ་བཀོད་སྒྲིག་བྱས་པ་དང་བདེ་ཆེན་ཁུལ་ཏང་ཨུ་དང་སྲིད་གཞུང་།དེ་བཞིན་ས་འགུལ་གྱི་ཤུགས་རྐྱེན་ཕོག་ཁུལ་གྱི་གྲོང་ཁྱེར་དང་ཤང་། གྲོང་ཚོ་བཅས་རིམ་པ་ཁག་གིས་སྟོབས་ཤུགས་མགྱོགས་མྱུར་སྒྲིག་འཛུགས་བྱས་ཏེ་གནོད་འཚེའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་གནོད་འཚེའི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞོར་ཐོན་གནོད་འཚེ་ཐོན་རྒྱུ་སྔོན་འགོག་བྱས་པ་རེད། ཟླ་4ཚེས་9ཉིན་གྱི་ཆུ་ཚོད་23ཙམ་ལ་མེ་གསོད་སོགས་རིགས་ཁག་གི་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་མི་སྣ73དང་རླངས་འཁོར་14བཏང་བ་དང་རོགས་སྐྱོབ་ཡོ་བྱད་དང་སྒྲིག་ཆས་600ལྷག་ཙམ་དང་འཚོལ་སྐྱོབ་ཁྱི་3འཁྱེར་ནས་འགུལ་ཁུལ་དུ་འཕྲལ་སྡོམ་ཐག་གཅོད་བྱེད་པར་བསྐྱོད་ལ། གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པ་དང་གྲོང་གསེབ་ཀྱི་གཞོན་ནུ་དང་དར་མའི་མང་ཚོགས་78དུས་ཐོག་ཏུ་སྒྲིག་འཛུགས་བྱས་ཏེ་གནོད་འཚེའི་གནས་ཚུལ་ལ་ཞིབ་བཤེར་དང་། མངོན་མེད་རྐྱེན་ངན་གྲལ་བཤེར། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་སོགས་ཀྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་ཡོད།

        ཟླ་4ཚེས་9ཉིན་གྱི་ཆུ་ཚོད་23ཙམ་ལ་འགུལ་ཁུལ་དུ་མི་སྣ་ཤི་རྨས་བྱུང་མེད་པ་དང་འགྲོ་ལམ་ཐོག་རྡོ་ཟགས་པ་དང་དེ་བཞིན་ཆ་ཤས་རྡིབ་པའི་སྣང་ཚུལ་ཐོན་ནས་འགྲིམ་འགྲུལ་སྤྱིའི་ཆ་ནས་ཤར་བགྲོད་ཐུབ་སྟེ་ཁང་པ་འགའ་རེ་ལ་གནོད་འཚེ་ཕོག་པ་དང་ཆུ་བེད་དང་། གློག་ཤུགས། འཕྲིན་སྐྱེལ་སོགས་སྒྲིག་བཀོད་སྒྲིག་བཀོད་གལ་ཆེན་འཁོར་སྐྱོད་རྒྱུན་ལྡན་བྱུང་ཡོད། མིག་སྔར་ཞོར་ཐོན་གནོད་འཚེ་སྔོན་འགོག་དང་སྔར་བས་ཉིང་རྡུལ་གནོད་འཚེ་ཞིབ་བཤེར་སོགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

བདེ་ཆེན་ཁུལ་འཕྲལ་སྡོམ་དོ་དམ་ཅུས།

2024ལོའི་ཟླ་4ཚེས་9ཉིན།