ཆུ་འཐུང་སྟངས་ཀྱི་བདེ་ཐང་རྒྱུན་ཤེས་ཕྲན་བུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-08   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།

ཆུ་འཐུང་སྟངས་ཀྱི་བདེ་ཐང་རྒྱུན་ཤེས་ཕྲན་བུ།

01

འཐུང་ཚད་ཉུང་ངུ་དང་འཐུང་ཐེངས་མང་པོ་བྱེད་པ། 

        ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་ལ། མི་ལུས་ཀྱི་ཕྲ་ཕུང་རེ་རེ་ཆུ་ཆས་སྲུང་འཛིན་བྱ་དགོས། 《ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཏུང་ཕྱོགས་སྟོན》དུ་བདེ་ཐང་གི་མི་དར་མའི་ཆུ་འཐུང་ཚད་ནི་ཉིན་རེར་ཧའོ་ཧྲེང1500ནས1700བྱ་རྒྱུར་གྲོས་གཞི་བཏོན་ཡོད་ལ། ཆུ་མི་འཐུང་བའམ་ཆུ་ཆ་བསྡུ་ཚད་ཉུང་དྲགས་ན་ཁྲག་འབག་སླ་ཞིང་སྙིང་རྩ་འགག་སླ་ལ། སྙིང་གི་བྱེད་ནུས་བདེ་ཐང་མིན་པའི་ནད་པས་བྲེལ་མྱུར་ངང་ཆུ་འཐུངས་ན་སྙིང་གི་ཁུར་བོ་ཇེ་ལྕིར་བཏང་ནས་ནད་བབ་ཇེ་སྡུག་ཏུ་འགྱུར་སྲིད། དེ་བས་ཚང་མས་འཚོ་བའི་ཁྲོད་དུ་ཆུ་འཐུང་ཚད་ཉུང་ངུ་དང་འཐུང་ཐེངས་མང་བའི་གོམ་གཤིས་འཇགས་རྒྱུ་གལ་ཆེ་ཞིང་། རྒྱུན་ལྡན་གྱི་ཆུ་ཆ་བསྡུ་ཚད་རྒྱུན་འཁྱོངས་བྱེད་པ་ལས་སྐོམ་ན་ད་གཟོད་ཆུ་འཐུང་བའི་གོམ་གཤིས་དེ་བསྒྱུར་དགོས། སྙིང་ནད་ཅན་ཚོས་སྨན་པར་དྲིས་ཏེ་འོས་འཚམ་གྱི་ཆུ་འཐུང་ཚད་གཏན་འབེབས་བྱ་དགོས་པ་དང་འཚོ་བའི་ཁྲོད་ཆུ་དང་ཚྭ་ལ་ཚོད་འཛིན་ནན་མོ་བྱ་དགོས། 

02

ཁམ་ཆུང་ངུས་དལ་འཐུང་བྱེད་པ། 

        ལུས་པོར་ཁྲུས་བྱས་རྗེས་དང་འགུལ་སྐྱོད་ཀྱི་རྗེས་སུ་ཆུ་ཤོར་བ་མགྱོགས་པས། ཁམ་ཆུང་ངུས་དལ་འཐུང་བྱས་ཏེ་ཆུ་ཁ་གསབ་བྱ་དགོས་ལ། རྔུལ་ཆུ་མང་པོ་ཕྱིར་བཏོན་རྗེས་ལུས་པོའི་ཚྭའི་གྲུབ་ཆ་ཁག་ཅིག་ཀྱང་ཤོར་འགྲོ་བས། ཚྭ་ཆུའམ་ལུས་རྩལ་བཏུང་བྱའི་རིགས་འོས་འཚམ་འཐུང་ཆོག 

03

ཟས་སྔོན་གྱི་ཆུ་ཚོད་ཕྱེད་ཀའི་སྟེང་ཆུ་ཕོར་བ་གང་འཐུང་བ།

        ཟ་མ་མ་ཟོས་གོང་གི་ཆུ་ཚོད་ཕྱེད་ཀའི་སྔོན་ཏག་ཏག་ལ་ཆུ་འོས་མཚམ་འཐུངས་ན་ཟ་མ་ཟ་ཚད་ལ་ཚོད་འཛིན་ལེགས་པོ་ཐུབ་པར་མ་ཟད། ལུས་ནང་གི་སྙིགས་དོར་ཚབ་བརྗེ་ལ་སྐུལ་འདེད་དང་རྩ་སྐམ་པ་སྔོན་འགོག་བྱ་ཐུབ་ལ། ཕོ་ཁའི་འཇུ་ནུས་ཀྱང་ཇེ་ལེགས་སུ་གཏོང་ཐུབ།