ཟླ4པའི་ཚེས11ཉིན་ནས་བཟུང་སེམས་ཀྱི་ཉི་ཟླའི་སྒུལ་འཁོར་ལ་ལེགས་སྒྲིག་བྱེད་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།"ལྕགས་ལམ་12306"ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན།2024ལོའི་ཟླ4པའི་ཚེས་11ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་བཟུང་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་མེ་འཁོར་འཁོར་སྐྱོད་དཔེ་རིས་གསར་པ་ལག་བསྟར་བྱས་ཤིང་།དཔེ་རིས་ལེགས་སྒྲིག་བྱས་རྗེས་"ལྕགས་ལམ་12306"་ཐོག་ནས་མངོན་པར་གཞིགས་ན།སེམས་ཀྱི་ཉི་ཟླར་ཉིན་ལྟར་(་ཕར་འགྲོ་ཚུར་འོང་)མེ་འཁོར་གཏོང་བ་དང་།བབས་ཚུགས་ཀྱི་མེ་འཁོར་14བར་མང་དུ་ཕྱིན་ཡོད།འགྱུར་ལྡོག་བྱུང་རྗེས་མང་ཚོགས་ཀྱི་ཕྱིར་སྐྱོད་དགོས་མཁོ་སྔར་བས་སྐོང་རྒྱུ་ཡིན་པ་རེད།(འདིའི་ཁྲོད་དུ་C442དང་C644དེ་ཟླ་4པའི་ཚེས་12ཉིན་ནས་བཟུང་ལས་འགོ་ཚུགས་རྒྱུ།)

    

    སྒུལ་འཁོར་གྱི་དུས་ཚོད་རེའུ་མིག་ཞིབ་ཕྲ་གཤམ་གསལ་ལྟར།ཤེས་རྟོགས་བྱུང་བར་གཞིགས་ན་པར་རིས་གསར་པ་ལག་བསྟར་བྱས་པ་དེས་གཞུང་ལམ་དྲ་བའི་སྤྱི་ཡོངས་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་དཔལ་འབྱོར་བསྐྱར་འཕར་ལེགས་སུ་འགྲོ་རྒྱུར་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུར་ཕན་ཐོགས་ཡོད་པ་རེད།

    ཐེངས་འདིའི་དུས་ཚིགས་གཉིས་པའི་པར་རིས་ལེགས་སྒྲིག་བྱེད་པའི་དུས་ཚོད་དེ་ཟླ་4པའི་ཚེས་11ཉིན་ནས་འགོ་ཚུགས་པ་དང་(དེའི་ནང་C442དང་C644ཟླ་4པའི་ཚེས་12ཉིན་ནས་བཟུང་འགོ་ཚུགས་རྒྱུ།) ཉིན་རེའི་མེ་འཁོར་ཆ་7གྱི་ནང་དུ་ཆ་5་ནི་བསྐྱར་སྦྲེལ་འཁོར་སྐྱོད་(འཁོར་སྒྲོམ་16)བྱེད་བཞིན་ཡོད།ཆ་2ནི་2སྒྲིག་གཞི་རྐྱང་པའི་འཁོར་སྐྱོད་(འཁོར་སྒམ་8)བྱེད་བཞིན་ཡོད།ཐེངས་འདིའི་ལེགས་སྒྲིག་རི་མོ་དུས་ཚིགས་དང་པོ་དང་བསྡུར་ན་སྔར་ལས་ལྷག་པར་ལེགས་སྒྲིག་དང་ལེགས་སྒྱུར་བྱས་པ་དང་།ཏན་ནུབ་བྱང་ས་ཁུལ་གྱི་ཡུལ་སྐོར་གྲོང་ཁྱེར་བར་གྱི་དུས་དང་བར་སྟོང་གི་བར་ཐག་ཇེ་ཆུང་དུ་བཏང་ཡོད།

    ལྕགས་ལམ་སྡེ་ཚན་གྱིས་དམིགས་བསལ་དྲན་སྐུལ་བྱས་དོན། མེ་འཁོར་གཏོང་བའི་དུས་ཚོད་ནི་ཡུལ་སྐོར་བ་རེ་རེའི་འགྲོ་སྐྱོད་དང་འབྲེལ་བ་དམ་ཟབ་ཡོད།རྒྱ་ཆེའི་འགྲུལ་པས་12306གཞུང་ཕྱོགས་དྲ་བ་དང་འབབ་ཚུགས་ཀྱི་སྤྱི་བསྒྲགས་ལ་དོ་ཁུར་བྱས་ཏེ་མེ་འཁོར་གཏོང་བའི་དུས་ཚོད་སོགས་འགྲུལ་སྐྱེལ་ཆ་འཕྲིན་ལེགས་སྒྲིག་བྱེད་པའི་མེ་འཁོར་ཐེངས་གྲངས་ལ་དོ་སྣང་བྱེད་རོགས།གསལ་པོ་མི་ཤེས་སར་འབབ་ཚུགས་དང་མེ་འཁོར་གྱི་ལས་དོན་མི་སྣར་འདྲི་རྩད་བྱེད་པའམ་ཡང་ན་ལྕགས་ལམ་ཞབས་ཞུ་ལྟེ་གནས་ལ་“0871-12306”ཁ་པར་བརྒྱབ་ནས་བློ་འདྲི་བྱས་ཏེ་པར་རིས་གསར་པ་ལག་བསྟར་བྱས་རྗེས་བདེ་འཇགས་དང་བདེ་བླག་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།