བདེ་ཆེན་ཁུལ་གྱི་སྡེ་ཚན་མང་པོས་དཔྱིད་རྨོད་འགན་ལེན་ལ་ཞབས་ཞུ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།མིག་སྔར་དཔྱིད་རྨོད་དཔྱིད་གྲབས་ཀྱི་འགག་རྩའི་དུས་སུ་སླེབས་ཡོད་པས་བདེ་ཆེན་ཁུལ་ཞིང་ལས་དང་གྲོང་གསེབ་ཅུས་དང་།    ཁུལ་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས།    ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་སོགས་སྡེ་ཚན་གྱིས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཀའི་བྱེད་ཐབས་ཁག་གནོན་ནན་པོ་བྱས་ཏེ་རྫོང(གྲོང་ཁྱེར)ཁག་ཏུ་ལག་རྩལ་ཞབས་ཞུའི་མཛུབ་ཁྲིད་བྱས་ནས་འབྲུ་རིགས་ཐོན་སྐྱེད་བདེ་འཇགས་དང་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་པ་རེད།   

    ཟླ་3པ་ནས་བཟུང་བདེ་ཆེན་ཁུལ་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ཞིང་ལས་ལག་རྩལ་ཞབས་ཞུའི་མཛུབ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཞབས་ཞུ་མཛུབ་ཁྲིད་ཚོགས་ཆུང་3མངགས་གཏོང་བྱས་ཏེ་གནད་སར་ལག་རྩལ་ཞབས་ཞུ་བྱས་ནས། དཔྱིད་དུས་ཀྱི་ཞིང་ལས་སྐྱེ་དངོས་ལ་ཞིང་ནང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་རེད།   

    བདེ་ཆེན་ཁུལ་ཞིང་ལས་དང་གྲོང་གསེབ་ཅུས་དང་། རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས་གྲལ་བཤེར་ལས་དོན་སྤེལ་ནས་ས་རྒོད་དུ་བསྐྱུར་བའི་རྨོ་ཞིང་བསྐྱར་སྦོལ་ལེགས་པོ་བྱས་པ། ཚན་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ་ས་ཁོངས་དབྱེ་བ་དང་།    ལོ་ཏོག་དབྱེ་བ།    དུས་མཚམས་དབྱེ་བ།    བཞའ་ཚད་དབྱེ་བ་བཅས་ཀྱི་སྒོ་ནས་མཛུབ་ཁྲིད་ཞབས་ཞུ་སྤེལ་ཏེ་ཐོན་འབབ་མཐོ་བའི་འདེབས་གསོའི་ལག་རྩལ་བྱ་ཐབས་ཞིང་ནང་དང་མུ་ཁར་དོན་འཁྱོལ་བྱས་ནས་མྱུ་གུ་ཉམས་ཞན་དུ་འགྱུར་བ་དང་ལྗང་བུ་སྐྱེ་འཚར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། 

    དུས་མཚུངས་སུ་མང་ཚོགས་སྐུལ་སློང་བྱས་ཏེ་ཐན་འགོག་དང་།    ལྗང་བུ་སྲུང་བ།    ཆུ་གཏོང་བ།    བརླན་སྲུང་སོགས་ཀྱི་ལག་རྩལ་བྱ་ཐབས་དོན་འཁྱོལ་བྱས་ནས་གནོད་འབུའི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྔ་སྣུར་དུ་བཀོད་སྒྲིག་བྱས་ཏེ་མཉམ་འགོག་མཉམ་བཅོས་དང་།    འཕྲལ་སྡོམ་སྔོན་འགོག་ཚོད་འཛིན་སོགས་ཀྱི་བྱ་ཐབས་སྤྱད་དེ་གནོད་འཚེའི་གྱོང་གུན་ཆུང་དུ་བཏང་བ་རེད། 

    སྲིད་ཇུས་ཀྱི་འགྲེལ་བཤད་ཡག་པོ་རྒྱག་པ་དང་།    འབྲུ་རིགས་ཐོན་སྐྱེད་ཀྱི་རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པ།    ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་གཉེར་སྐྱོང་དུད་ཚང་ལ་དཔྱིད་རྨོད་དངོས་རྫས་གྲ་སྒྲིག་འདང་ངེས་བྱ་རྒྱུའི་ཁྲིད་སྟོན་བཅས་བྱས་ནས་ཞིང་སྤྱོད་དངོས་རྫས་མཁོ་སྤྲོད་འབྲེལ་ཐག་བདེ་བླག་དང་གསོག་འཇོག་འདང་ངེས་ཡོང་བའི་འགན་ལེན་བྱེད་པ། 

    ཚན་རྩལ་གྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ།    དུས་ཐོག་ཏུ་ཀྲུང་དབྱང་གི་འབྲེལ་ཡོད་རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་ཁ་གསབ་དང་།    ཞིང་ཆེན་རིམ་པའི་འབྲུ་རིགས་ཐོན་སྐྱེད་ཀྱི་ཆེད་སྤྱོད་མ་དངུལ།    སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་གྱི་འཕྲལ་བསྟུན་གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་བའི་མ་དངུལ་བཅས་མཐུན་སྦྱོར་གཤམ་སྤྲོད་བྱས་ནས།    ལོ་ཧྲིལ་པོའི་འབྲུ་སྣུམ་ཐོན་འཕར་དང་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བའི་རྨང་གཞི་སྲ་བརྟན་དུ་བཏང་བ་རེད།