འཇོལ་རྫོང་ཐང་སྟེང་ཤང་ལུང་ཤྭ་གྲོང་ཚོ་ཁམ་སྐྱ་མྱེ་རག་གྲོང་མི་ཚོ་ཆུང་གིས་སྨན་རྩྭ་འདེབས་པར་བྲེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-04-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་གསུམ་པ་ནི་རུ་རྟ་དང་ལྕ་བ།སོ་ལོ་སོགས་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་བྱེད་པའི་སྐབས་ཡིན་མོད།འོན་ཀྱང་ཉེ་བའི་དུས་སྐབས་ཤིག་རིང་ཆར་པ་བབས་པའི་གནམ་གཤིས་ཀྱིས་དཔྱིད་རྨོད་ཐོན་སྐྱེད་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད།འཇོལ་རྫོང་ཐང་སྟེང་ཤང་ལུང་ཤྭ་གྲོང་ཚོ་ཁམ་སྐྱ་མྱེ་རག་གྲོང་མི་ཚོ་ཆུང་ནི་བྲེལ་འཚུབ་ཆེ་བའི་ཐོན་སྐྱེད་ཀྱི་རྣམ་པ་གཞན་ཞིག་ཡིན་པ་དང་། འདེབས་འཛུགས་དུད་ཚང་གིས་ཆར་པར་མ་འཛེམས་པར་ཞིང་ལས་དམ་འཛིན་བྱེད་ནས་སྨན་རྩྭ་བཏབ་པས་ཞིང་ནང་དུ་བྲེལ་འཚུབ་ཆེ་བའི་རྣམ་པས་ཁེངས་ཡོད།

    གྲོང་གསེབ་དར་རྒྱས་གཏོང་དགོས་ན་ཐོན་ལས་ངེས་པར་དུ་དར་རྒྱས་གཏོང་དགོས།ཤེས་རྟོགས་བྱུང་བར་གཞིགས་ན། ལུང་ཤྭ་གྲོང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་ལུགས་སྨན་རྒྱུ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་ལེགས་ཆ་རྒྱུན་མཐུད་དར་སྤེལ་དང་ཞན་ཆ་གསབ་སྟེ་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ་དང་།འདེབས་འཛུགས་རྒྱ་ཁྱོན་དང་།ཐོན་ཚད།ཞིང་ལས་ཐོན་རྫས་རིན་ཐང་སོགས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ལོ་རེ་བཞིན་འཕར་ནས་མིང་དོན་མཚུངས་པའི་ཀྲུང་ལུགས་སྨན་རྒྱུ་ཐོན་ཁུལ་ཞིག་ཏུ་གྱུར་ཡོད།

    གོམ་སྟབས་རྗེས་མར་ལུང་ཤྭ་གྲོང་ཚོས་ད་ཡོད་ཀྱི་ཀྲུང་ལུགས་སྨན་རྒྱུའི་ཐོན་ཁུངས་ལ་གཞི་ཚུགས་ཏེ་འདེབས་འཛུགས་ཀྱི་གཞི་ཁྱོན་མུ་མཐུད་ཆེ་རུ་གཏོང་བ་དང་དམངས་ཕྱུག་ཐོན་ལས་དེ་རྒྱུན་མཐུད་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་བཏང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་ཡིན་པ་རེད།