བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཏ་ལི་དང་ས་དམ་དུ་རྟོག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ3པའི་ཚེས27ཉིན་ནས་ཚེས28ཉིན།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ཏ་ལི་ཁུལ་དང་ས་དམ་གྲོང་ཁྱེར་དུ་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་ནས།དམིགས་ཚད་ཐད་ཧེ་བག་འཚོལ་བ་དང་ཉམས་མྱོང་དང་བྱེད་ཐབས་དཔྱད་གཞིར་བཟུང་ནས་མཉམ་འགུལ་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་བ་རེད།


ས་དམ་གྲོང་ཁྱེར་གྱི་ཧྲུའུ་ཅི་ཕུའུ་ཧུང་དང་ཏ་ལི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཞའོ་ཁྲང་ཡུང་སོགས་སྔ་རྗེས་སུ་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

ཏ་ལི་གྲོང་ཁྱེར་དུ་རྟོག་ཞིབ་གནང་རིང་རྟོག་ཞིབ་ཚོགས་པ་དང་བཅས་པ་སྔ་རྗེས་སུ་ཏ་ལི་གནའ་གྲོང་དང་།ཨེར་ཧའེ་སྐྱེ་ཁམས་ཁྱམས་ལམ།ཞི་ཀྲོའུ་གནའ་གྲོང་།ཧྲོང་ལང་གྲོང་རྡལ་སོགས་སུ་ཕེབས་ནས་གནའ་གྲོང་སྲུང་སྐྱོང་དང་གསར་སྤེལ་དང་།ཨེར་ཧའེ་སྲུང་སྐྱོང་དང་བཅོས་སྐྱོང་།བཙོག་ཆུ་བཞུར་རྒྱུན་གཅོད་པ།ཞིང་ལས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས།དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་གསར་སྤེལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ།ཨེར་ཧའེ་བཅོས་སྐྱོང་གི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་མ་ལག་བཅོས་སྐྱོང་ལ་བརྟེན་ནས་ནགས་ཕག་མཚོའི་སྤྱི་ཡོངས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས།ཏ་ལི་གནའ་གྲོང་གསར་སྤེལ་བྱེད་སྟངས་དཔྱད་གཞིར་བཟུང་ནས་རྡོ་མཁར་རྫོང་དང་ཨ་ཏོན་ཙི་གནའ་གྲོང་སོགས་གསོག་འཇོག་ཐོན་ཁུངས་སྔོག་འདོན་དང་གང་འགབ་ཅི་སྤྱོད་བྱས་ནས་གནའ་གྲོང་ལ་གསོན་ཤུགས་གསར་པ་འཕེལ་རྒྱུར་སྐུལ་འདེད་གཏོང་དགོས།ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བ་བྱེད་དགོས།ཞབས་ཞུའི་ལས་རྣམ་གསར་གཏོད་དང་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ནས་ཡུལ་སྐོར་ཐོན་ལས་ཀྱི་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་ཕྱོགས་ཡོངས་ནས་ཡུལ་སྐོར་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་ས་ཁོངས་ཡོངས་དང་།དུས་ཚོད་ཡོངས།རྒྱུ་རྐྱེན་གཙོ་བོ་ཡོངས་བཅས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་དགོས།རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས་ཀྱིས་ཐོན་རྫས་དང་ལས་རྣམ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས་ཐོན་རྫས་གསར་པ་དང་།མ་དཔེ་གསར་པ།ལས་རྣམ་གསར་པ།ཞབས་ཞུ་སྟོབས་ལྡན་བཅས་ཡོང་བར་བྱ་དགོས།རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ལོ་རྒྱུས་རིག་གནས་ཀྱི་རིན་ཐང་སྔོག་འདོན་གང་ལེགས་བྱེད་པ།ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ཏེ་དངོས་མིན་རིག་གནས་ཤུལ་བཞག་གསོན་པར་འགྱུར་བར་བྱ་དགོས་ཞེས་ནན་གྱིས་བསྟན་པ་རེད།


ས་དམ་དུ་རྟོག་ཞིབ་གནང་རིང་།རྟོག་ཞིབ་ཚོགས་པ་དང་བཅས་པ་སྔ་རྗེས་སུ་ས་དམ་སུང་ཁྲེང་ཆན་ཀུའུ་ཆིང་དང་།ས་དམ་གྱི་བག་ཆགས།པའེ་ཧྲ་གྲོང་རྡལ་ཡུས་ཧུའུ་གྲོང་ཚོ་སོགས་སུ་ཕེབས་ནས་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ་དང་ཐོན་རྫས་གསར་པ།བློ་གྲོས་ཡུལ་སྐོར།གྲོང་གསེབ་ཡུལ་སྐོར་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་ཞིབ་ཕྲ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་མིག་སྔའི་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་བདེ་ཆེན་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་ལ་དམ་པོར་དམིགས་ནས་ཕུགས་ལ་དམིགས་ཏེ་རང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས།ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་དང་།ཐོན་རྫས་བཅས་གསར་གཏོད་དང་ཕུལ་བྱུང་གསར་གཏོད་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་།ལས་རྣམ་གསར་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།ཡུལ་སྐོར་བ་སྣ་མང་ཅན་དང་རིམ་པ་མང་བའི་རིག་གནས་ཡུལ་སྐོར་གྱི་དགོས་མཁོ་སྐོང་གང་ཐུབ་བྱེད་པ།ཟ་སྡོད་འགྲོ་སྐྱོད། ཡུལ་སྐོར།ཉོ་སྒྲུབ།རོལ་རྩེད་སོགས་ཀྱི་ལྷུ་ཚིགས་ལ་དམིགས་ནས་འཛད་སྤྱོད་ཀྱི་སྒུལ་བྱེད་འཕྲུལ་འཁོར་གསར་པ་གསར་གཏོད་བྱ་དགོས། ཕྱི་ཕྱོགས་སུ་འོས་སྦྱོར་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཚིགས་རང་བཞིན་དང་དུས་ཚོད་རང་བཞིན་གྱི་ཚོད་འཛིན་ལས་བརྒལ་བའི་ཡུལ་སྐོར་གྱི་ལས་རྣམ་གསར་པ་དང་ཐོན་རྫས་གསར་པ་བཏོད་དེ་དགུན་དུས་ཀྱི་ཡུལ་སྐོར་ཞན་ཆ་གསབ་དགོས།ཉམས་ལེན་རྣམ་པའི་རིག་གནས་འཁྲབ་སྟོན་ལེ་ཚན་བསྐྲུན་ནས་ཡུལ་སྐོར་བའི་ཉམས་ལེན་ཚོར་སྣང་ཆེ་རུ་གཏོང་དགོས།མི་རེའི་ཆ་སྙོམས་ཀྱི་ཡུལ་སྐོར་འཛད་སྤྱོད་ལྡབ་འཕར་འཆར་གཞི་ལག་བསྟར་བྱས་ཏེ།ཡུལ་སྐོར་ཐོན་རྫས་གསར་གཏོད་དང་།ལས་རྣམ་གསར་གཏོད།མ་དཔེ་གསར་གཏོད།ཞབས་ཞུ་ཕུལ་བྱུང་གསར་གཏོད་བཅས་ཇེ་མགྱོགས་སུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

རྟོག་ཞིབ་གནང་རིང་འཐུས་མི་ཚོགས་པས་གནད་དོན་འཁྱེར་ནས་རྟོག་ཞིབ་དང་བསམ་གཞིག་འཁྱེར་ནས་ཉན་པ་རེད།གོམ་སྟབས་རྗེས་མར་ཁུལ་དང་གྲོང་ཁྱེར་གསུམ་གྱིས་ཏ་ལི་དང་ས་དམ།བདེ་ཆེན་མཉམ་འབྲེལ་ཐོག་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་མཉམ་ལས་མཉམ་འབྲེལ་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ནས།ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་རིགས་སྒྱུར་རིམ་སྤར་ཇེ་མགྱོགས་སུ་གཏོང་བ་དང་།ཁུལ་དང་གྲོང་ཁྱེར་གསུམ་གྱི་ལམ་ཐིག་ཕན་ཚུན་འདེད་རེས་དང་།གཞི་གྲངས་བརྗེ་རེས།ཚོང་གཉེར་མཉམ་འགུལ།འགྲུལ་ཁུངས་ཕན་ཚུན་སྐྱེལ་རེས།ལམ་ལུགས་ཕན་ཚུན་སྐུལ་འདེད་བཅས་མངོན་འགྱུར་བྱས་ཏེ།ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱ་དགོས་པའི་རེ་བ་བཅངས་པ་རེད།

རང་ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་།ཁྲེན་ཆུན།དབྱང་ཞུའེ་ཝུན།ལིའོ་ཝུན་ཚའེ།ཞུས་ཀོང་ཏེ་བཅས་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་རྟོག་ཞིབ་ལ་ཞུགས་ཡོད།