སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་སྔོན་འཚོགས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་ནས་ཤེས་གསལ་བྱུང་དོན། ད་ལོར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཕྱོགས་ལྔའི་ཐད་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས་ནས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་པ་རེད།


        རིག་གནས་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་སྟེ་དེང་རབས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་ལག་འཛུགས་རྒྱུ། གྲོང་ཁྱེར་དེས་སྤུས་ཚད་མཐོ་བའི་དེང་རབས་རིག་གནས་ཐོན་ལས་མ་ལག་དང་དེང་རབས་ཡུལ་སྐོར་མ་ལག་འཛུགས་སྐྲུན་བྱེད་དེ་རིག་གནས་ཡུལ་སྐོར་ཐོན་ལས་དེ་ས་ཁོངས་ཡོངས་དང་། དུས་ཚོད་ཧྲིལ་པོ། དམངས་ཡོངས། ལས་རྣམ་ཧྲིལ་པོ། རྒྱུ་རྐྱེན་གཙོ་བོ་ཡོངས་བཅས་སུ་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་དང་། རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་སྤུས་ཚད་དང་རིམ་སྤར་ལ་སྐུལ་འདེད་གཏོང་བ། རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་བ་བཅས་བྱེད་པ་དང་། གསར་དར་ལས་སྒོའི་ཡུལ་སྐོར་དང་། རྒྱུ་རྐྱེན་གཙོ་བོའི་ཡུལ་སྐོར། གྲོང་གསེབ་དང་སྤྲོ་གསེང་ཡུལ་སྐོར་བཅས་འཕེལ་རྒྱས་གཏོང་རྒྱུ།


        རིག་གནས་ཡུལ་སྐོར་མཉམ་འདྲེས་གསར་གཏོད་ལ་སྐུལ་འདེད་གཏོང་སྟེ་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུ། རིག་གནས་ནི་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་ལྟེ་བའི་ཐོན་ཁུངས་ཤིག་ཡིན་པ་དང་ཡུལ་སྐོར་ནི་རིག་གནས་འགྲེམས་སྟོན་དང་ཁྱབ་སྤེལ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས་གྲོང་ཁྱེར་དེས་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པའི་ཐད་བསམ་བློ་བཏང་ནས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཐོན་ཁུངས་དང་། རིག་གནས་དང་ཡུལ་སྐོར་གྱི་མཐུན་ས་གནད་ལ་འཁེལ་བའི་སྒོ་ནས་དམ་འཛིན་བྱེད་དེ་རིག་གནས་དང་ཡུལ་སྐོར་གྱི་ཁྱད་ཆོས་ལྡན་པའི་བྱེད་པོ་གསར་པ་དང་དཔེ་དབྱིབས་གསར་པ་བཏོད་དེ་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ།


        རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་རིམ་སྤོར་ལ་སྐུལ་འདེད་གཏོང་སྟེ་སྤྱི་པའི་ཞབས་ཞུའི་འགན་ལེན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ། གྲོང་ཁྱེར་དེས་རྒྱལ་སྤྱིའི་ས་མཐོའི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུའི་བླང་བྱར་གཞི་ཚུགས་ཏེ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཡུལ་སྐོར་ཞབས་ཞུའི་འགན་ལེན་ལ་དམ་འཛིན་ཡག་པོ་བྱེད་དེ་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་སྤོར་དང་། ཡུལ་སྐོར་ཁོར་ཡུག་ལེགས་སྒྱུར། ཡུལ་སྐོར་ཤེས་ལྡན་མི་སྣའི་འགན་སྲུང་ལ་ཤུགས་སྣོན་བཅས་བྱ་རྒྱུ་ཡིན་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། "ཐོན་ཁུངས་—འགྲུལ་ཁུངས་—ཞབས་ཞུ་"བཅས་འབྲེལ་མཐུད་དམ་ཚགས་ཡག་པོ་བྱ་རྒྱུ།


        "བརྒྱ་ལྔ་"གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱེད་དེ་འཕེལ་རྒྱས་ཀྱི་བྱ་ཐབས་གཏིང་ཟབ་ཏུ་གཏོང་བ་དང་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ལེགས་དང་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་དེས་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་དང་འཛམ་གླིང་རིམ་པའི་ཡུལ་སྐོར་བྱ་ཡུལ་གཏོད་པའི་དགོས་མཁོར་དམིགས་ནས་འབྱུང་འགྱུར་ལོ་གསུམ་ནང་སྤུས་ལེགས་མགྲོན་ཁང་བརྒྱ་དང་སྤུས་ལེགས་དམངས་སྡོད་ཚོགས་པ་བརྒྱ་གཏོད་རྒྱུ་མངོན་འགྱུར་ཡོང་བ་དང་། ཡུལ་སྐོར་ཕྱུག་འགྱུར་སྣེ་ཁྲིད་པ་བརྒྱ་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བརྒྱ་སྐྱེད་སྲིང་བྱེད་དེ་རིག་གནས་ཡུལ་སྐོར་ཐོན་རྫས་བརྒྱ་བཅས་"བརྒྱ་ལྔའི་"ལས་ཀའི་དམིགས་ཚད་གསར་སྤེལ་བྱ་རྒྱུ་དེ་ཞིབ་ཕྲའི་དམ་འཛིན་བྱ་གཞིར་བྱས་ནས་གྲོང་ཁྱེར་དེའི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ལེགས་དང་། ཡུལ་སྐོར་ཉམས་ལེན་གྱི་མྱོང་ཚོར་དང་བློ་ཡིད་ཚིམ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ།


        ཏང་གིས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གྲོང་ཁྱེར་དེས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པའི་འོག་ལས་དོན་ཁག་ཡག་པོ་བསྒྲུབས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་ཤུགས་སྔར་བས་ཆེ་རུ་བཏང་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་སྟེ་གྲོང་ཁྱེར་ཡོངས་ཀྱིས་རིག་གནས་ཡུལ་སྐོར་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པ་བྱ་རྒྱུ་རེད།