བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཀྲའོ་ཐུང་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ3པའི་ཚེས25ཉིན་ནས་ཚེས་26ཉིན་བར།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་གིས་བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཀྲའོ་ཐུང་གྲོང་ཁྱེར་ཆའོ་ཅ་རྫོང་དུ་རིག་གནས་ཡུལ་སྐོར་ཐོན་ལས་དང་།སྡེ་ཁུལ་བཅོས་སྐྱོང་།གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་སོགས་ཐད་ཀྱི་སྔོན་ཐོན་བྱེད་ཐབས་དང་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ལ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་ཕྱིན་པ་རེད།

    ཀྲའོ་ཐུང་གྲོང་ཨུའི་ཧྲུའུ་ཅི་སུའུ་ཡུང་ཀྲུང་དང་གྲོང་ཨུའིཧྲུའུ་ཅི་གཞོན་པ། ཧྲི་ཀྲང་དབྱང་ཁྲེང་ཞིན།གྲོང་ཨུའི་ཧྲུའུ་ཅི་གཞོན་པ་ཐང་ཡོན་རྟོག་ཞིབ་དང་བཞུགས་མོལ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    རྟོག་ཞིབ་རིང་བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་སྔ་རྗེས་སུ་ཆའོ་ཅ་རྫོང་མོང་ཀུའུ་གྲོང་རྡལ་གྱི་རླུང་འདེད་ལྡིང་སྐོར་འཁོར་གདུགས་རྟེན་གཞི་དང་།ཝུན་པི་སྡེ་ཁུལ།པིན་ཅང་སྤྲོ་གསེང་ལུས་རྩལ་སྐྱེ་ཁམས་ཁྱམས་ལམ།ཁྲུང་ཁྲུང་དཀར་པོའི་གྲམ་ཐང་ཆུ་ཤུགས་གློག་ཁང་བཅས་སུ་ཕེབས་ནས།བློ་གྲོས་ཅན་གྱི་སྡེ་ཁུལ་བཅོས་སྐྱོང་དང་།ལྗང་མདོག་ནུས་ཁུངས།ཐོན་ལས་འཕེལ་རྒྱས།དེ་བཞིན་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུའི་ཐད་ཡུལ་དངོས་སུ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་ལུའོ་ཁྲའོ་ཧྥེང་གིས་ཀྲའོ་ཐུང་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ད་ཐེངས་ཀྱི་རྟོག་ཞིབ་དང་སློབ་སྦྱོང་བཀོད་སྒྲིག་ལ་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་ཆའོ་ཅ་རྫོང་གི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ནི་ཀྲའོ་ཐུང་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད།ཀྲའོ་ཐུང་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་མང་པོ་ཞིག་བདེ་ཆེན་གྱིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པ་ཞིག་ཡོད།ཉེ་བའི་ལོ་ཤས་རིང་།བདེ་ཆེན་ཁུལ་གྱིས་བརྟན་ལྷིང་དང་།འཕེལ་རྒྱས།སྐྱེ་ཁམས།མཐའ་མཚམས་བརྟན་ལྷིང་བཅས་ཀྱི་“དོན་ཆེན་བཞི་”ལ་དམ་པོར་དམིགས་པ་དང་།བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རིག་གནས་ཡུལ་སྐོར་དང་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས།ལྗང་མདོག་ནུས་རྒྱུ་དང་ལྗང་མདོག་གཏེར་ལས་བཅས་“ཐོན་ལས་ཆེན་པོ་བཞི་”འཕེལ་རྒྱས་འགྲོ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས།ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།བདེ་ཆེན་ནི་ཡུན་ནན་དང་།བོད་ལྗོངས།སི་ཁྲོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་ཤིང་།“གཙང་གསུམ་མཉམ་བཞུར་”གྱི་ལྟེ་བའི་ཁུལ་ཡིན་པ་དང་།ལངས་གཟུགས་གནམ་གཤིས་ཐུན་མོང་མ་ཡིན་པ་དང་སྐྱེ་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པ།“སེམས་ཀྱི་ཉི་ཟླ”དང་“ཁ་བ་དཀར་པོ” “ཇ་རྟའི་གནའ་ལམ”སོགས་འཛམ་གླིང་རིམ་པའི་མིང་བྱང་ཡོད།གོམ་སྟབས་རྗེས་མར།ཀྲའོ་ཐུང་གིས་རིག་གནས་དང་ཡུལ་སྐོར་ཐོན་ལས་དང་། ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་སོགས་ཁྱབ་ཁོངས་སུ་བདེ་ཆེན་དང་སྤེལ་རེས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།བདེ་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པར་ཐེངས་འདིའི་རྟོག་ཞིབ་ལ་གྲུབ་འབྲས་མང་པོ་ཐོབ་པ་དང་།བདེ་ཆེན་ཁུལ་གྱིས་ཐེངས་འདིའི་རྟོག་ཞིབ་དང་སློབ་སྦྱོང་གོ་སྐབས་སུ་བྱས་ཏེ་རྟོག་ཞིབ་ཀྱི་གྲུབ་འབྲས་ཕྱོགས་སྡོམ་དང་གསེད་བཀྲོལ་ནན་ཏན་བྱེད་པ་དང་སྔོན་ཐོན་གྱི་ཉམས་མྱོང་དང་བྱེད་ཐབས་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས་ཡུལ་བབ་དང་བསྟུན་པ་དང་སྟབས་བསྟུན་ངང་བེད་སྤྱོད་བྱས་ཏེ་ལས་དོན་ཁག་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    སུའུ་ཡུང་ཀྲུང་གིས་ཀྲའོ་ཐུང་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།ཁོང་གིས་ཀྲའོ་ཐུང་དང་བདེ་ཆེན་གྱིས་མཉམ་དུ་འབྲི་ཆུ་འཐུང་བས་ཁྱིམ་ཚང་གཅིག་གི་མི་ཡིན།ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་རྒྱས་ཆེན་པོ་བྱུང་བ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་སོགས་ཐད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ཚང་མ་ཀྲའོ་ཐུང་གིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པ་ཞིག་རེད།ཀྲའོ་ཐུང་དང་བདེ་ཆེན་གྱིས་ཐུན་མོང་ཐོག་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་བསྐྲུན་རྒྱུའི་འགན་འཁྲི་འཁུར་ཡོད།ཀྲའོ་ཐུང་གིས་བདེ་ཆེན་དང་མུ་མཐུད་མཉམ་དུ་རིམ་པ་མང་བ་དང་ཁྱབ་ཁོངས་མང་བ།རིམ་པ་ཟབ་པའི་སྤེལ་རེས་འབྲེལ་མཐུད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སྐྱོན་སྤངས་དགེ་སྒྲུབ་བྱེད་རྒྱུ་དང་།རིག་གནས་ཡུལ་སྐོར་ཐོན་ལས་དང་།འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་ལས་སོགས་ཀྱི་ཐད་མཉམ་ལས་ཟབ་སྤེལ་བྱས་ཏེ།ཐུན་མོང་ཐོག་ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    བདེ་ཆེན་ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་།ཁྲེན་ཆུན།དབྱང་ཞུའེ་ཝུན།ལིའོ་ཝུན་ཚའེ།ཀྲའོ་ཐུང་གྲོང་ཁྱེར་གྱི་འགོ་ཁྲིད་ཧུའུ་ཅང་ཧུའེ།ཁྲེན་ཧའེ་ཞང་།མའོ་ཅིའུ་མིང་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད།བདེ་ཆེན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། རྫོང་དང་གྲོང་ཁྱེར་ཁག་དང་སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ་གྱི་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་རྟོག་ཞིབ་དང་སློབ་སྦྱོང་ནང་ཞུགས་ཡོད་པ་རེད།