སློབ་གྲྭར་མེ་སྐྱོན་ཐོན་ཚེ། གང་འདྲ་བྱས་ཏེ་སྲོག་ཉེན་ལས་ཐར་དགོས་སམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-27   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

        ཟླ3པའི་ཚེས25ཉིན་ནི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས29ཡིན་ཞིང་། འཕྲལ་སྡོམ་དོ་དམ་པུས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཉེ་བའི་ལོ5ཡི་ནང་། རྒྱལ་ཡོངས་ཀྱི་སློབ་གྲྭའི་ཉལ་ཁང་དུ་མེ་སྐྱོན་ཐེངས2000ལྷག་ཙམ་ཐོན་ཡོད། སློབ་གྲྭ་ནི་མི་ཚོགས་མང་བའི་ས་ཆ་ཞིག་ཡིན་པའི་ཆ་ནས། འབར་རུང་བ་དང་འབར་སླ་བའི་དངོས་རྫས་མང་བ་དང་། མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་མངོན་གསལ་དོད་པས། གལ་སྲིད་མེ་སྐྱོན་ཐོན་ཚེ། གནོད་འཚེའི་རང་བཞིན་ཧ་ཅང་ཆེན་པོ་ཡོད། ཉལ་ཁང་དང་། སློབ་ཁང་། ཟ་ཁང་སོགས་གཙོ་གནད་ས་ཁོངས་སུ་དོ་སྣང་ཇི་ལྟར་བྱེད་དགོས་སམ། མེ་སྐྱོན་ཐོན་ཚེ་ཚན་རིག་དང་མཐུན་པའི་ངང་ཇི་ལྟར་བྱས་ཏེ་སྲོག་ཉེན་ལས་ཐར་ཐབས་བྱེད་དགོས་སམ།

        མེ་སྐྱོན་ཐོན་སླའི་ས་ཁོངས་ཆེན་པོ་གསུམ་ནི་སློབ་གྲྭ་འབྲིང་ཆུང་གི་སློབ་ར་ཡིན།

图片

ཉལ་ཁང་།

        གཅིག  སློབ་གྲྭའི་ཉལ་ཁང་དུ་སྒྲིག་འགལ་ངང་ཤུགས་ཚད་ཆེ་བའི་གློག་ཆས་གཏན་ནས་སྤྱོད་མི་ཆོག

        གཉིས། རང་དགར་གློག་སྐུད་དང་དྲ་སྐུད་སྦྲེལ་མཐུད་བྱེད་མི་ཆོག

        གསུམ། ཉལ་ཁང་ནང་མེ་སྤྱོད་མི་རུང་བ་དང་། གད་སྙིགས་མེར་སྲེག་མི་རུང་།

        བཞི། ཉལ་ཁང་དུ་འབར་སླའི་དངོས་རིགས་འཇོག་མི་ཆོག

        ལྔ། ཉལ་ཁང་ནང་གི་མེ་གསོད་ཡོ་ཆས་འཇོག་ས་དང་བེད་སྤྱོད་བྱེད་སྟངས་ལ་དོ་སྣང་བྱེད་དགོས་པ་དང་། ཉལ་ཁང་གི་བདེ་འཇགས་འགྲོ་ལམ་ལ་རྒྱུས་མངའ་ལོན་དགོས།

        དྲུག ཉལ་ཁང་ནས་ཁ་བྲལ་སྐབས་གློག་ཁུངས་ཚང་མ་བཀག་དགོས། དེའི་ནང་གློག་གསོག་འཕྲུལ་ཆས་དང་གློག་ཀླད་སོགས་ཚུད་ཡོད།

图片

སློབ་ཁང་།

        གཅིག མེ་དང་འབར་སླའི་དངོས་རྫས་ཁྱེར་ནས་སློབ་ཁང་ནང་འཛུལ་མི་ཆོག

        གཉིས། སློབ་ཚན་ཚོགས་སྐབས་སློབ་ཁང་གི་སྒོ་ལྕགས་རྒྱག་མི་ཉན་ཞིང་། དོན་རྐྱེན་ཐོན་སྐབས་འཕྲལ་མར་ཁ་གྲམ་པར་སྟབས་བདེ་བསྐྲུན་དགོས།

        གསུམ། སློབ་ཁང་དུ་མི་མེད་དུས་གློག་ཆས་དང་གློག་སྒྲོན་གྱི་གློག་སྒོ་རྒྱག་དགོས།

        བཞི།  སློབ་ཁང་ནང་གི་སྒྲིག་ཆས་རྒྱུན་ལྡན་མིན་པ་མཐོང་ཚེ། དུས་ཐོག་ཏུ་དགེ་རྒན་ནམ་བདེ་སྲུང་ཁང་གི་ལས་བྱེད་པར་སྙན་སེང་ཞུ་དགོས།

        ལྔ།  མེ་འགོག་སྒྲིག་ཆས་ལ་གཅེས་སྤྲས་བྱེད་དགོས། དཔེར་ན། བར་ཁྱམས་ཀྱི་མེ་གསོད་ཆས་དང་ཁ་གྲམ་མཛུབ་སྟོན་སོགས་ལ་སྐྱོན་ཆགས་མེད་པར་འགན་ལེན་བྱེད་དགོས།

图片

ཟ་ཁང་།

        གཅིག སློབ་མས་ཟ་ཁང་དུ་ལྟོ་ཆས་ཟ་སྐབས། འབར་སླའི་དངོས་རིགས་འཁྱེར་མི་ཆོག

        གཉིས། ཆུ་སོགས་གློག་གི་སྒྲིག་ཆས་སམ་གློག་ཁུངས་ཀྱི་སྒྲིག་ཆས་ཐོག་ཏུ་མི་ཐོར་བར་བྱེད་དགོས།

        གསུམ། མེ་གསོད་ཡོ་ཆས་སྒྲིག་སྦྱོར་བྱེད་དགོས་པ་མ་ཟད། མཐོང་སླ་བ་དང་ལེན་བདེ་བའི་གནས་སུ་འཇོག་དགོས།

        བཞི། སློབ་གྲྭས་དུས་བཅད་ལྟར་ཆུ་དང་། གློག རླངས་བཅས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་དགོས།

图片

མེ་སྐྱོན་ལས་ཐར་ཐབས་བྱེད་པའི་རང་སྐྱོབ་ཕྱོགས་སྟོན།

        གཅིག མེ་སྐྱོན་ཤོར་བ་མཐོང་ཚེ། སྔ་ཙམ་ནས119ལ་ཁ་པར་རྒྱག་དགོས། གལ་ཏེ་མེ་སྐྱོན་ཐོན་ནས་ཡུན་རིང་ཕྱིན་མེད་པ་དང་མེ་ཆེན་པོ་མེད་ཚེ། གནས་ཚུལ་ལ་གཞིགས་ནས་མེ་གསོད་ཡོ་བྱད་སྤྱད་དེ་མེ་གསོད་ཆོག

        གཉིས། སེམས་རྣལ་དུ་ཕབ་ནས་གོ་རིམ་ལྡན་པའི་ངང་ཕྱིར་དོན་དགོས། གལ་སྲིད་མེ་སྐྱོན་ཆེན་པོ་དང་འཕྲད་ན། སེམས་ལྷོད་ལ་འབབ་དགོས་པ་ལས། མི་ཚོགས་ཀྱི་དཀྱིལ་དུ་གང་བྱུང་ངང་འགྲོ་མི་རུང་། གལ་སྲིད་འགྲོ་ལམ་དེ་མེ་དང་དུ་བས་བཀག་ཡོད་ན། ལྡོག་ཕྱོགས་སུ་ཁ་གཏད་ནས་ཕྱིར་དོན་དགོས།

        གསུམ། མེ་སྐྱོན་ཐོན་ནས་ཕྱིར་བྲོས་སྐབས། ཨ་ཅོར་རློན་པས་ཁ་སྣ་བཀབ་པ་དང་ལུས་པོ་ཐང་ལ་ཉལ་ནས་གོག་པའམ་སྐེད་པ་བསྒུར་ནས་མདུན་ཕྱོགས་སུ་བསྐྱོད་པ་དང་། བདེ་འཇགས་བགྲོད་ལམ་བཙལ་ནས་འཕྲལ་མར་ཁ་བྲལ་དགོས།

        བཞི།  ཁང་པའི་ནང་དུ་ལུས་ཚེ། གནས་སྐབས་སྒུག་ནས་བསྡད་ན་ལེགས། གལ་ཏེ་ཁང་པའི་ནང་ལས་ཐར་ཐབས་མེད་ཚེ། སྒོ་དམ་པོར་རྒྱག་པ་དང་ཨ་ཅོར་རློན་པ་དང་རས་རློན་པ་སོགས་ཀྱིས་སྒོ་གསེང་བཀག་སྟེ། མྱུར་སྐྱོབ་བྱེད་མཁན་སྒུག་དགོས།

        ལྔ། ལུས་ཐོག་ལ་མེ་འབར་ན། སྐྲག་ནས་བྲོས་མི་རུང་། ལུས་ཐོག་ལ་མེ་འབར་ན། ཡར་བྲོས་མར་བྲོས་བྱེད་མི་རུང་བར། ས་ཆ་དེ་རང་དུ་འགྲིལ་བའམ་ཡང་ན་གྱོན་ཆས་མཐུག་པོས་མེ་ལྕེ་གསོད་ཐབས་བྱེད་དགོས།

        དྲུག གློག་སྐས་ལ་སྡོད་མི་རུང་བར། མྱུར་སྐྱོབ་བགྲོད་ལམ་བཙལ་དགོས། མེ་སྐྱོན་ཐོན་ཚེ་གློག་སྐས་ལ་སྡོད་མི་རུང་། མྱུར་སྐྱོབ་བྱེད་པར་འགོར་འགྱངས་མི་ཡོང་བ་དང་མྱུར་སྐྱོབ་ཀྱི་དཀའ་ངལ་ཆེ་རུ་གཏོང་མི་རུང་།

图片

119ལ་ཁ་པར་རྒྱག་སྐབས། ཐབས་ཤེས་འགའ་ཤས་ལ་དོ་སྣང་བྱེད་དགོས།

        གཅིག གཟབ་ནན་བབ་བརླིང་ངང119ལ་ཁ་པར་རྒྱག་པ་དང་། ཁ་པར་ལེན་མཁན་གྱི་དྲི་བར་ལན་གསལ་པོ་འདེབས་དགོས།

        གཉིས། ཁ་པར་འབྱོར་རྗེས། མེ་ཤོར་ས་གསལ་པོར་བཤོད་དགོས། དེའི་ནང་ལམ་གྱི་མིང་དང་། ཁྲོམ་སྲང་གི་མིང་། སྒོ་རྟགས་སོགས་ཚུད་ཡོད།

        གསུམ། དངོས་པོ་གང་ཞིག་ལ་མེ་ཤོར་བ་དང་མེ་སྐྱོན་གྱི་ཁྱབ་ཁོངས། དེ་བཞིན་ཉེན་ཁའི་གནས་སུ་གྱར་བའི་མི་སོགས་ཀྱི་གནས་ཚུལ་གསལ་པོར་བཤོད་དགོས།

        བཞི། ཁ་པར་བཞག་རྗེས། མི་སྣ་བཀོད་སྒྲིག་བྱས་ཏེ་ལམ་མདོར་མེ་གསོད་རླངས་འཁོར་བསུ་རུ་འཇུག་དགོས།