སུམ་རྩེན་གླིང་ལྗོངས་ཁུལ་གྱི་དམངས་ཕན་ཞབས་ཞུའི་ས་ཚིགས་ཀྱིས་སེམས་ནུས་ཡོད་རྒུས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སུམ་རྩེན་གླིང་ལྗོངས་ཁུལ་གྱི་ཟུར་ཞིག་ཏུ་“ལས་སྒྲུབ་དམངས་ཕན་ཞབས་ཞུའི་ས་ཚིགས”ཀྱི་སྒོ་བྱང་བཀལ་བའི་ཞབས་ཞུའི་ས་ཚིགས་ཤིག་ཧ་ཅང་མངོན་གསལ་དོད་པོ་ཡོད་པ་རེད།འདི་ནི་བདེ་ཆེན་ཁུལ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གིས་“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་”ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་བཙུགས་པའི་ཞབས་ཞུའི་ས་ཚིགས་ཡིན་ལ།མེ་ཟོན་བདེ་འཇགས་སྐོར་ཞིབ་ཞིབ་བཤེར་དང་མེ་ཟོན་བདེ་འཇགས་དོ་དམ་ཚོད་འཛིན་བྱེད་པ། ཚན་རིག་ཁྱབ་གདལ་གྱི་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱེད་པ་དང་ཆབས་ཅིག་ཆར་གདུགས་དང་ཁ་རས། ས་མཐོའི་སྨན་རྫས་སོགས་སྒྲིག་སྦྱོར་བྱས་ནས་ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བར་ཆུ་ཚོད་24་རིང་“སྒོ་མི་རྒྱག་པའི”ཞབས་འདེགས་ཞུས་པ་རེད།

        ཡུལ་སྐོར་པར་ལེན་ཚ་རླབས་འཕྱུར་བ་དང་ཆབས་ཅིག་ཡུལ་སྐོར་བ་དེ་བས་མང་བ་སུམ་རྩེན་གླིང་ལྗོངས་ཁུལ་དུ་པར་ལེན་རྒྱག་པར་ཡོང་བ་དང་། སྐབས་དེར་ཞབས་ཞུའི་ས་ཚིགས་དེ་ཡུལ་སྐོར་བའི་དངོས་ཟོག་བཅོལ་ཡུལ་ཡག་ཤོས་སུ་གྱུར་ཡོད།ཞབས་ཞུའི་ས་ཚིགས་ཀྱིས་ད་དུང་དབྱང་རླུང་བླུགས་སྣོད་དང་ས་མཐོའི་སྨན་རྫས། འདར་སེལ་ཡོ་བྱད་དང་སྨན་སྤྱོད་མྱུར་སྐྱོབ་སྒམ་སོགས་སྒྲིག་སྦྱོར་བྱས་ནས་ཡུལ་སྐོར་བར་རིན་མེད་ངང་དབྱང་རླུང་རྔུབ་པ་དང་ལག་ཐོགས་ཁ་པར་ལ་གློག་གསོག་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་རེད།

        ཡུལ་སྐོར་བ་འགྱེལ་རྨས་དང་ཚིགས་འཆུས་པ། གཟུགས་པོ་མི་བདེ་བ་སོགས་ཀྱི་གནས་ཚུལ་ཐོན་པ་ཤེས་སྐབས་རུ་མི་ཚོས་ཀྱང་དུས་ཚོད་དང་པོར་རོགས་སྐྱོབ་བྱས་པ་རེད།དཀའ་ངལ་ཡོད་ཚེ་ཞབས་ཞུའི་ས་ཚིགས་སུ་སྐྱོད་པ་དང་དཀའ་ངལ་ཡོད་ཚེ་མེ་ཟོན་འཚོལ་དགོས་ཞེས་པའི་སྟབས་བདེའི་སྐད་ཆ་དེས་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བར་ཉི་འོད་ལྟ་བུའི་དྲོ་སྐྱིད་ཚོར་ཐུབ་པ་བྱུང་ཡོད།ད་ལོའི་དཔྱིད་གསར་དུས་ཆེན་རིང་ཧོ་ནན་ཀྲེང་ཀྲོའུ་ནས་ཡོང་བའི་ཡུལ་སྐོར་བ་ཞིག་ཞབས་ཞུའི་ས་ཚིགས་སུ་རོགས་ཞུ་བྱེད་པར་ཡོང་བ་དང་།ཡུལ་སྐོར་བའི་ལོ་7ལ་སླེབས་པའི་བུ་རྐང་པ་ཞ་ནས་རྐུབ་སྟེགས་འཁོར་ལོ་ཅན་ལ་སྡོད་རྒྱུ་ལས་མ་འདས་པས་ལྟ་སྐོར་བྱེད་པར་དཀའ་ངལ་ཆེན་པོ་ཡོད།རུ་མི་ཚོས་འཕྲལ་མར་ཁོང་གི་ཁྱིམ་ལ་རྐུབ་སྟེགས་འཁོར་ལོ་ཅན་དབོར་བ་དང་བརྒྱུད་རིམ་ཧྲིལ་པོར་ཕྲུ་གུ་ཁྲིད་དེ་ལྟ་སྐོར་དང་རྩེད་མོ་རྩེ་ནས་ནང་མི་ཚང་མའི་སེམས་ནང་གི་བསམ་འདུན་འགྲུབ་པར་རོགས་རམ་བྱས་པ་རེད།རུ་མི་ཚོས་ད་དུང་དང་བླངས་ངང་ཡུལ་སྐོར་བློ་འདྲིའི་ཞབས་ཞུའི་འགན་འཁུར་ནས་རྟག་ཏུ་ཡུལ་སྐོར་བར་བདེ་ཆེན་གྱི་ཟས་མཆོག་དང་།མགྲོན་ཁང་སོགས་ཀྱི་ཆ་འཕྲིན་མཁོ་འདོན་བྱས་ནས།ཡུལ་སྐོར་བར་སྤྲོ་གསེང་ལྟ་སྐོར་དང་ཕྱིར་སྐྱོད་བདེ་འཇགས་ཀྱི་དོན་ཚན་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་ཏེ་སྙིང་ཉེ་བ་དང་སེམས་རྣལ་དུ་ཕབ་ནས་ཞབས་འདེགས་ཞུས་ནས་ཡུལ་སྐོར་བ་ཚང་མར་སེམས་ཀྱི་ཉི་ཟླའི་དྲོ་སྐྱིད་ཚོར་ཐུབ་པ་བྱས་པ་རེད།