བཟའ་ཚང་ཁ་བྲལ་དུས་རྒྱུ་ཆ་གང་དག་འདོན་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-25   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》གི་དོན་ཚན11པའི་གཏན་འཁེལ་ལྟར་ན། བཟའ་ཚང་ཁ་བྲལ་ཐོ་འགོད་བྱེད་མཁན་གྱིས་གཤམ་གསལ་གྱི་དཔང་ཡིག་དང་བདེན་དཔང་རྒྱུ་ཆ་འདོན་དགོས་ཏེ།
    (གཅིག) རང་ཉིད་ཀྱི་ཁྱིམ་ཐོ་དང་ཐོབ་ཐང་དཔང་ཡིག
    (གཉིས) རང་ཉིད་ཀྱི་གཉེན་སྒྲིག་དཔང་ཡིག
    (གསུམ) དོ་བདག་ཕྱོགས་གཉིས་ཀས་མཉམ་དུ་མིང་རྟགས་བཀོད་པའི་བཟའ་ཚང་ཁ་བྲལ་གྱི་གྲོས་མཐུན་ཡི་གེ་བཅས་དགོས།
    བཟའ་ཚང་ཁ་བྲལ་ཐོ་འགོད་བྱེད་མཁན་ཞང་ཀང་གི་སྡོད་དམངས་དང་ཨའོ་མོན་གྱི་སྡོད་དམངས། ཐའེ་ཝན་གྱིསྡོད་དམངས། ཕྱི་སྡོད་རང་མི། ཕྱི་རྒྱལ་བ་བཅས་ཀྱིས་གོང་གསལ་ནང་གསེས་དོན་ཚན་གྱི་ནང་ཚན2པ་དང3པས་གཏན་འཁེལ་བྱས་པའི་དཔང་ཡིག་དང་བདེན་དཔང་རྒྱུ་ཆ་འདོན་དགོས་པ་ཕུད། ཞང་ཀང་གི་སྡོད་དམངས་དང་ཨའོ་མོན་གྱི་སྡོད་དམངས། ཐའེ་ཝན་གྱི་སྡོད་དམངས་བཅས་ཀྱིས་ད་དུང་རང་ཉིད་ཀྱི་ནུས་ལྡན་ལམ་ཡིག་དང་ཐོབ་ཐང་དཔང་ཡིག་ཀྱང་འདོན་དགོས། ཕྱི་སྡོད་རང་མི་དང་ཕྱི་རྒྱལ་བས་ད་དུང་རང་ཉིད་ཀྱི་ནུས་ལྡན་ཕྱིར་སྐྱོད་དཔང་ཡིག་གམ་རྒྱལ་སྤྱིའི་ཡུལ་སྐོར་ལག་འཁྱེར་གཞན་དག་ཀྱང་སྤྲོད་དགོས།
     བཟའ་ཚང་ཁ་བྲལ་གྲོས་མཐུན་ཡི་གེའི་ནང་ཕྱོགས་གཉིས་ཀའི་དོ་བདག་གིས་རང་མོས་ཀྱིས་བཟའ་ཚང་ཁ་བྲལ་རྒྱུའི་ནང་དོན་མཚོན་པ་དང་ཕྲུ་གུ་གསོ་སྐྱོང་། རྒྱུ་ནོར། བུ་ལོན་ཐག་གཅོད་སོགས་ཀྱི་བྱ་བ་ལ་གྲོས་མོལ་གཅིག་མཐུན་བྱུང་བའི་བསམ་འཆར་གསལ་པོར་འགོད་དགོས།