བདེ་ཆེན་གྱིས་སྐྱེ་ཁམས་ལ་སྔོ་ལྗང་མཛེས་སྡུག་གི་རི་མོ་གསར་པ་བྲིས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     2023་ལོར་བདེ་ཆེན་གྱི་གྲོང་ཁྱེར་མཁའ་རླུང་ལེགས་པའི་ཉིན་གྲངས་བསྡུར་ཚད་100%་ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པས་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་ཞེས་མིང་བཏགས་པ་དང་འབའ་ལུང་རྫོང་ལ་ཁག་བདུན་པའི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་ཞེས་མིང་བཏགས་པ་དང་འཇོལ་རྫོང་དང་འབའ་ལུང་རྫོང་ལ་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གྱི་མཚན་སྙན་ཐོབ་པ་རེད།

 གནམ་སྔོན་སྲུང་འཐབ་མུ་མཐུད་ཡག་པོ་རྒྱག་པ།

    2023་ལོར་བདེ་ཆེན་ཁུལ་གྱིས་གནམ་སྔོན་སྲུང་འཐབ་དང་ཁྲའེ་ཡིའུ་སྣུམ་ཟོག་འདྲེན་རླངས་འཁོར་གྱི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་གཏིང་ཟབ་ངང་ཡག་པོ་བརྒྱབ་པ་རེད། འཕྲུལ་ཆས་སྒུལ་འཁོར་རིགས་གཏོང་འབུད་ཞིབ་བཤེར་དང་། རྒྱང་ཚོར་(ཐ་མག་ནག་པོ་)པར་ལེན་ལས་དོན་རྒྱུན་མཐུད་ངང་སྤེལ་བ། ཡལ་སླའི་རང་བཞིན་གྱི་སྐྱེ་ལྡན་དངོས་པོ་དང་ཏན་དབྱང་འགྱུར་རྫས་མཉམ་སྡེབ་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱི་སྣུམ་སྣོན་ས་ཚིགས་ལ་ཁོར་ཡུག་ཚད་ལོན་ཞིབ་བཤེར་བྱས་པ། རྩི་གཏོར་བཟོ་རྩལ་ལྡན་པའི་རླངས་འཁོར་ཉམས་བཟོ་བཟོ་གྲྭར་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་མ་ཟད་རྩི་གཏོར་ཁང་གི་རླངས་རོ་ལྟ་ཞིབ་ཚད་ལེན་བྱས་པ། མཐོངས་ཡངས་བསྲེགས་ཟས་དང་བཟའ་བཏུང་སྣུམ་གྱི་དུ་བར་དོ་དམ་ཚོད་འཛིན་བྱེད་པའི་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་གྱི་འཛེར་སྒྲའི་སྦགས་བཙོག་འགོག་བཅོས་ལས་དོན་རྒྱུན་མཐུད་ངང་སྤེལ་བ་རེད།

མི་སྡོད་ཁོར་ཡུག་མཛེས་བཟོ་བྱེད།

    2023ལོའི་ལོ་མཇུག་བར་དུ་ཁུལ་ཡོངས་སུ་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་པའི་སྲིད་འཛིན་གྲོང་ཚོ་7གསར་དུ་འཕར་སྣོན་བྱུང་བ་དང་། བཙོག་ཆུ་བཅོས་སྐྱོང་བྱེད་པའི་རང་བྱུང་གྲོང་ཚོ་1206ལེགས་འགྲུབ་བྱུང་བ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་ཚད་60%ཟིན་པ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་སྒྲིག་བཀོད་འཁོར་སྐྱོད་བྱས་ཚུལ་ལ་རྩད་ཞིབ་ཆེན་པོ་བྱ་རྒྱུ་སྒྲིག་འཛུགས་བྱས་པ། ཁུལ་ཡོངས་སུ་ཁྱོན་བསྡོམས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་སྒྱུར་སྒྲིག་བཀོད་113འཛུགས་སྐྲུན་བྱས་པ། རྒྱུན་ལྡན་ལྟར་འཁོར་སྐྱོད་ཆ་ཚང་110བྱེད་པ། ཆ་ཚང་3སྐྱེལ་འདྲེན་བྱེད་མཚམས་བཞག་ཡོད།

 ནུས་ཤུགས་ཡོད་རྒུས་ཆུ་གཙང་སྲུང་འཐབ་ཡག་པོ་རྒྱག་པ།

    2023་ལོར་བདེ་ཆེན་ཁུལ་གྱིས་ལྷ་མོ་གཡང་མཚོ་མཚེའུ་སྲུང་སྐྱོང་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གྲྭ་མགྱོགས་མྱུར་ལག་བསྟར་བྱས་ཏེ་ཞོ་རྡོ་མཚོ་དང་། ཡང་ཐང་ཆུ་མཛོད་སོགས་ཀྱི་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལས་དོན་རྒྱུན་མཐུད་ངང་སྤེལ་བ་རེད། འབྲི་ཆུའི་གཞུང་རྒྱུན་དང་རྫ་ཆུའི་གཞུང་རྒྱུན། དེ་བཞིན་ཆུ་བོ་རྒྱུག་ཁུལ་གཙོ་བོའི་བཙོག་འབུད་མདོ་ཁར་གྲལ་བཤེར་བྱས་པ། གྲོང་ཁྱེར་གྱི་ཆུ་བཅོས་སྐྱོང་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་ཆུ་དྲི་ངན་ཅན་གྲལ་བཤེར་དང་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་ལེགས་སྒྲུབ་བྱེད་པ་དང་ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་གི་ཞན་ཆ་མགྱོགས་མྱུར་གསབ་ནས་ཞིང་ཆེན་རིམ་པས་གཤམ་སྤྲོད་བྱས་པའི་སྲིད་འཛིན་གྲོང་ཚོ་7གྱི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་གི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པ་དང་ཁུལ་ཡོངས་ཀྱི་ཤང་གྲོང་རིམ་པའི་27གྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་གྱི་མཚོན་རྟགས་བྱང་བུ་དང་། ས་མཚམས་འབྱེད་རྟགས། ལོགས་བཀར་འགོག་སྲུང་སོགས་ཚད་ལྡན་ཅན་འཛུགས་སྐྱོང་དང་ཞིབ་བཤེར་རྩིས་ལེན་ལེགས་འགྲུབ་བྱུང་།

    ལྗང་མདོག་ལ་དགའ་བ་དང་ལྗང་མདོག་ལ་སྲུང་སྐྱོབ་བྱས་ནས་ལྗང་མདོག་ནི་ཆེས་མཛེས་པའི་མདོག་ཏུ་འགྱུར་དུ་འཇུག་དགོས།   ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་ནགས་ཚལ་མེ་ཟོན་དང་། རྐུ་འགོག་རི་དྭགས་རྔོན་པ་དང་། གང་བྱུང་དུ་གཅོད་པ་སོགས་སྲུང་སྐྱོང་ལས་དོན་རབ་དང་རིམ་པ་སྤེལ་བ་རེད།

    སྐྱེ་ཁམས་དམར་ཐིག་དབྱེ་འབྱེད་གཏན་འཁེལ་དང་བར་མཐོངས་གསར་སྤེལ། ས་ཆ་བེད་སྤྱོད་ཀྱི་འབྲེལ་ཡོད་ལས་དོན་ལེགས་སུ་བཏང་ནས་གནམ་སྲུང་དང་རྨོ་བསྐྱུར་ནགས་གསོ་སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་མུ་མཐུད་ལག་བསྟར་བྱས་ཏེ་ཁུལ་ཡོངས་ཀྱི་གཞུང་ཁོངས་ནགས་ཚལ་དང་མཉམ་སྡེབ་སྤྱི་ཕན་ནགས་ཚལ་ལ་ཁྲིམས་ལྟར་ལོ་ཧྲིལ་པོར་དོ་དམ་སྲུང་སྐྱོང་ནུས་ལྡན་བྱེད་པ། ས་གཙང་དང་རི་སྔོན་པོ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ས་ཆུ་ཤོར་ཚུལ་བཅོས་སྐྱོང་བྱེད་པའི་སྤྱི་ལེ་གྲུ་བཞི་མ་276.85ལེགས་གྲུབ་བྱུང་བ་དང་། སྔོ་ལྗང་མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྔོ་ལྗང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་306.42ལེགས་གྲུབ་བྱུང་བ་དང་། ནགས་བཟོ་མུའུ་ཁྲི་22.03བྱས་པ། འོས་འགན་ཤིང་འཛུགས་རྐང་ཁྲི་230.47བྱས་པ། སྲུང་སྐར་རྒྱང་ཚོར་དང་མི་མེད་གནམ་གྲུ་ལྐོག་འདྲི་སོགས་ཀྱི་བྱ་ཐབས་སྤྱད་དེ་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་དབྱེ་འབྱེད་གཏན་འཁེལ་ས་ཁོངས་ནང་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་གྲལ་བཤེར་བཅོས་སྒྲིག་དང་ལྟ་ཞིབ་ཁྲིམས་འཛིན་སོགས་ཀྱི་ལས་དོན་སྤེལ་བས་བདེ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ཉིན་བཞིན་ལེགས་སུ་ཕྱིན་ཡོད།