དུས་དེབ་དང་ཚགས་པར་སོགས་བཟོ་བྱེད་ཀྱི་མཉེན་ཆསInDesignངོ་སྤྲོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     InDesignནི་ཤིན་ཏུ་གྲགས་ཆེ་བའི་མཉེན་ཆས་ཤིག་ཡིན་ཞིང་།   གཙོ་བོ་ཚགས་པར་དང་དུས་དེབ།  དཔེ་ཆ། མིང་བྱང་།  གློག་རྡུལ་དཔེ་དེབ།  དྲིལ་བསྒྲགས་ཡིག་བྱང་སོགས་ལེགས་པར་རྩོམ་སྒྲིག་བྱས་ཆོག   ལྷག་པར་མཉེན་ཆས་འདིའི་ཐོག་ནས་ཧི་མ་ལ་ཡའི་ཡིག་གཟུགས་ལ་རྒྱབ་སྐྱོར་ལེགས་པར་ཐོབ་ཐུབ་ཀྱི་ཡོད། InDesignནི་ནུས་པ་ཕུན་སུམ་ཚོགས་པ་ཞིག་དང་།  སྟབས་བསྟུན་བཀོལ་སྤྱོད་ཀྱི་ལག་ཆ་ཞིག་ཀྱང་ཡིན་ལ།   པར་འདེབས་དང་གྲངས་འཛིན་དཔེ་སྐྲུན་ལ་ངེས་པར་མཁོ་བའི་ཆེད་ལས་མཉེན་ཆས་ཤིག་ཡིན།   འདིས་ཡིག་ཆ་ཐག་གཅོད་དང་། རི་མོ་ཐག་གཅོད།  ཚོས་གཞི་དོ་དམ།   བཟོ་ལྟ་དང་བཟོ་ལྟའི་རེའུ་མིག    རང་འགུལ་ཅན་གྱི་ནུས་པ་སོགས་ཚུད་ཡོད་པས་པར་སྒྲིག་སྣ་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།

    པར་ངོས་སྒྲིག་འགོད། ཡིག་ཆའི་པར་ངོས་ཀྱི་ཆེ་ཆུང་དང་ཁ་ཕྱོགས།  ཤོག་ངོས་མཐའ་ཐག་སོགས་ཞུགས་གྲངས་འདེམས་ཆོག་པ་མ་ཟད།  ཐོག་མའི་དྲ་ངོས་ཨང་གྲངས་སོགས་བཀོད་སྒྲིག་བྱས་ཆོག   

    སྒྲོམ་གཞིའི་ལག་ཆ། ཡིག་ཆའི་སྒྲོམ་དང་བརྙན་རིས་སྒྲོམ་བརྒྱུད་ནས་ནང་དོན་གྱི་གནས་ས་དང་རྣམ་པ་ཚོད་འཛིན་བྱས་ཆོག།    དྭངས་གསལ་གྱི་མདོག་གམ་མཐའ་ཐིག་གིས་སྒྲོམ་གཞི་ཇེ་ཡག་ཏུ་བཏང་ཆོག

    ཡིག་ཆ་བརྗེ་བ། MicrstWordདང་ཡང་ན་ཡིག་ཆ་གཞན་དག་InDesignནང་དུ་བཅུག་ནས་རྣམ་གཞག་བསྒྱུར་ཆོག   ཡི་གེ་དང་པར་རིགས་སྦྲགས་མའང་ཡང་ན་ཡི་གེ་དག་ནི་པར་རིས་ཀྱི་མཐའ་འཁོར་དུ་དབྱིབས་མི་འདྲ་བའི་སྒོ་ནས་མངོན་དུ་བཅུག་ཆོག  

    པར་རིས་ཐག་གཅོད། pngདངjpegསོགས་འདྲ་པར་གྱི་རྣམ་པ་སྣ་ཚོགས་བཙུགས་ཆོག་པ་མ་ཟད།   ཆེ་ཆུང་ལེགས་སྒྲིག་བྱས་ཆོག

    པར་འདེབས་ཕྱིར་འདོན། ཐད་ཀར་དུ་PDFའམ་ཡང་ན་རྣམ་པ་གཞན་དག་སྤྱད་དེ་གསོག་ཉར་དང་ཕྱིར་གཏོང་བྱས་ཆོག    གཞན་ཡང་InDesignནིWindowsམ་ལག་དང་MacOSགཉིས་ཀར་ནང་འཇུག་བྱས་ནས་རྩོམ་སྒྲིག་བྱས་ཆོག   མཉེན་ཆས་འདིས་ཁ་དོག་གི་ནུས་པ་མངོན་ཚུལ་དང་མདངས་མི་ཉམས་པར་སྲུང་འཛིན་བྱེད་སྟངས་ཤིན་ཏུ་ཡག གང་ལྟར་མཉེན་ཆས་འདི་ལ་ནུས་པ་ཕུན་སུམ་ཚོགས་པོ་ཡོད་པས་ཇུས་འགོད་པ་ཞིག་ཡིན་ལ་མཉེན་ཆས་འདི་ལ་ཤིན་ཏུ་གསལ་ཆ་ཆེ་ཞིང་།  གལ་ཏེ་མོས་པ་ཡོད་ན་ཕབ་ལེན་བྱས་ཏེ་རྩོམ་སྒྲིག་བྱས་ཆོག་ལ་འདིའི་སྐོར་གྱི་ཤེས་བྱ་དང་ལག་རྩལ་སྦྱོང་ཐབས་ནི་བརྙན་ལམ་གང་རུང་ན་མང་དུ་མཆིས་པས་དེ་དག་བརྒྱུད་ནས་ཤེས་རྟོགས་བྱས་ཆོག