འཛམ་གླིང་ཆུའི་ཉིན་མོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        འཛམ་གླིང་གི་ཆུའི་ཉིན་མོའི་དམིགས་ཡུལ་ནི་མང་ཚོགས་ཀྱི་ཆུ་གྲོན་ཆུང་བྱེད་པའི་འདུ་ཤེས་འབོད་སྐུལ་དང་ཆུའི་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན། མི་རྣམས་ཀྱི་རྒྱུན་ལྡན་གྱི་འཚོ་བ་དང་།ཚོང་ལས།ཞིང་ལས་བཅས་ཀྱི་ཆུའི་ཐོན་ཁུངས་ཀྱི་དགོས་མཁོ་སྐོང་ཆེད།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་ཆུའི་ཐོན་ཁུངས་ཀྱི་དགོས་མཁོ་ཇེ་ཆེར་སོང་བ་ལས་བྱུང་བའི་འཛམ་གླིང་རང་བཞིན་གྱི་ཆུའི་ཉམས་ཉེན་ཐག་གཅོད་བྱེད་པར་འབད་བརྩོན་བྱས། 1993ལོའི་ཟླ་1པོའི་ཚེས་18ཉིན་མཉམ་འབྲེལ་རྒྱལ་ཚོགས་སྐབས་ཞེ་བདུན་པའི་ཚོགས་ཆེན་ཐོག་གྲོས་ཆོད་བཞག་ནས་ལོ་རེའི་ཟླ་3ཚེས་22ཉིན་ནི་“འཛམ་གླིང་གི་ཆུའི་ཉིན་མོ་”ཡིན་པར་གཏན་འཁེལ་བྱས་ཡོད།