སེམས་ཀྱི་ཉི་ཟླ་ཉི་ཤར་ཐང་སྟོད་གྲོང་ཚོར་ཁམ་བུའི་མེ་ཏོག་རྣམ་པར་བཞད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   ཟླ་གསུམ་པའི་ཟླ་དཀྱིལ་དུ་སླེབས་པ་ན།    ཉི་ཤར་ཤང་ཐང་སྟོད་གྲོང་ཚོའི་ལུང་ཁུག་དང་སྡེ་འདབས།   ཞིང་ཁ་བཅས་སུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་ནས་མཐོ་སྒང་གི་ཡུལ་གྲུ་ལ་གསོན་ཤུགས་རྒྱས་ཤིང་ཡིད་ཀྱི་དང་བ་འདྲེན་པའི་མཛེས་ལྗོངས་ཤིག་མ་བཅོས་ལྷུན་གྱིས་གྲུབ་ཡོད་པ་དང་།  ཉི་ཤར་ཤང་ནི་བལྟོས་བཅོས་ཀྱིས་བདེ་ཆེན་གྱི་ཡུལ་ལུང་གཞན་དང་བསྡུར་ན་ས་བབ་ཅུང་དམའ་ཞིང་དྲོད་འཛོམས་པའི་ཡུལ་གྲུ་ཞིག་ཡིན།   ཡུལ་འདིར་ཁམ་བུ་དང་ཀུ་ཤུ།   རྒྱ་སིལ་སོགས་སིལ་ཏོག་སྣ་ཚོགས་སྐྱེས་ཐུབ་ཅིང་།  ཉི་ཤར་བྱ་ཤ་དང་ཉི་ཤར་རྫ་ནག་སོགས་ཟས་རིགས་དང་ཐོན་རྫས་གྲགས་ཆེ་བ་ཐོན་ས་ཞིག་ཀྱང་ཡིན།   ཁུམ་བུའི་མེ་ཏོག་རྣམ་པར་བཞད་པའི་ཡུལ་གྲུ་འདི་ལ་ཕྱི་ནང་སྐྱེ་བོ་ཀུན་གྱིས་ཁུམ་བུའི་མེ་ཏོག་གི་གྲོང་ཚོ་ཞེས་བསྔགས་བརྗོད་ཀྱི་མཚན་སྙན་བཏགས་ཡོད་ལ་བར་འདིར་གནས་འདིར་མེ་ཏོག་གི་མཛེས་ཉམས་ལ་གཟིགས་མཁན་མི་ཉུང་བ་ཞིག་ཡོང་གི་ཡོད།    དཔྱིད་དུས་ནི་ཐང་སྟོད་གྲོང་ཚོ་ནས་ཁམ་བུའི་མེ་ཏོག་གི་མཛེས་སྡུག་ལ་རོལ་མྱོང་བྱེད་པའི་དུས་སྐབས་ལེགས་ཤོས་ཤིག་ཡིན།