ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་87པ(རྒྱ་སྐྱེད)འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་3པའི་ཚེས་20ཉིན་གྱི་ཕྱི་དྲོར།  ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་87པ་(རྒྱ་སྐྱེད)འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕིང་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་འཚོགས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བཅས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་འབྲེལ་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།

        ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

        ཀྲང་ཝེ་ཏུང་དང་། ཕེང་ཧྲན། ཡུས་ཧྲེང་ཞང་།  མིའོ་ཡིའུ་ཧྥ་སོགས་གྲོས་ཚོགས་སུ་ཞུགས།

        གྲོས་ཚོགས་ཐོག་བསྟན་དོན། ཁུལ་ཡོངས་གོང་འོག་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཅིག་ཏུ་བརྩིས་དགོས་པ་དང་། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་དང་འཕེལ་རྒྱས།  སྣོད་བཅུད། མཐའ་མཚམས་བརྟན་ལྷིང་བཅས་དོན་ཚན་ཆེན་པོ་བཞི་ཡག་པོ་སྒྲུབས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

        གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཡུལ་བབ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས་པ་དང་། མ་དངུལ་དང་རྣམ་གྲངས་དོན་འཁྱོལ་ཡོང་བར་བརྩོན་ལེན་བྱ་དགོས། ཚོང་གཉེར་ཁོར་ཡུག་རྩེ་གྲ་ནུས་ཤུགས་ཡོད་རྒུས་གཏོད་དགོས། ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་དགོས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་པོ་སྲུང་དགོས།

        གྲོས་ཚོགས་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེ་གཏིང་ཟབ་ཏུ་བཏང་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས་པ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བ་དང་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ལ་དམ་འཛིན་བྱེད་དེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།  

        གྲོས་ཚོགས་ཐོག་ནན་བཤད་བྱས་དོན།  ལྗང་མདོག་ནུས་ཁུངས་ཐོན་ལས་ལེགས་པར་བསྒྲུབ་དགོས་པ་དང་། ན་གཞོན་ལས་བྱེད་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།

        གྲོས་ཚོགས་ཐོག་2023ལོའི་ཁུལ་ཨུའི་ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་ལས་དོན་གྱི་དམངས་གཙོའི་དཔྱད་མོལ་བྱས་འབྲས་དང་།  2023ལོའི་ཤེས་ལྡན་མི་སྣའི་ལས་དོན་གྱི་ཆེད་དོན་འགན་བསྒྲུབས་ཞུ་འབུལ་དང་དཔྱད་མོལ་བྱས་འབྲས་བརྡ་ཁྱབ་གཏོང་བ་དང་།  ཁྲིམས་ལུགས་ཁྱབ་གདལ་གྱི་རྨང་བརྟན་ཞན་གསབ་ཀྱི་ཆེད་དོན་བྱ་སྤྱོད་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་རེད།

        གྲོས་ཚོགས་ཐོག་ད་དུང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་རེད།

        ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་། ལི་དབྱང་།  ཁྲེན་ཆོན།  ཀུའེ་ཅུན་ལིའུ།  དབྱང་ཞུའེ་ཝེན།  ཀྲའོ་ཅན་པིན་སོགས་གྲོས་ཚོགས་སུ་ཞུགས་ཡོད།