སན་པ་ཤང་དུ་ལུག་གྲོད་ཤ་མོ་འཚོལ་བསྡུའི་ལས་ལ་བྲེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   ཉེ་ཆར། བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་ཅང་པེན་གྲོང་ཚོའི་ཀུ་ཀུ་ཤ་མོ་འདེབས་འཛུགས་དྲོད་ཁང་དུ་བསྐྱོད་སྐབས།  ཀུ་ཀུ་ཤ་མོ་ནི་ཆར་རྗེས་ཀྱི་མྱུ་གུ་རྒྱས་པ་ལྟར་སྐྱེས་པ་མཐོང་ཐུབ།   ཞུས་ཅན་ལིན་གྱི་ནང་མི་ཚོས་ལག་གཟེབ་དང་གྲི་ཆུང་འཁྱེར་ནས་དྲོད་ཁང་ནང་བསྐྱོད་དེ་འཚོལ་བསྡུ་བྱེད་པའི་ལས་ལ་བྲེལ་གྱི་ཡོད་ཅིང་།   ཀུ་ཀུ་ཤ་མོ་བསྡུ་བའི་ཚད་མཐོ་ཤོས་སུ་ཐོན་ཡོད།


 “མིག་སྔའི་བར་ཀུ་ཀུ་ཤ་མོ་ཐེངས་གཉིས་ལ་འཐུས་ཚར་བ་དང་།  ད་ལོའི་ཀུ་ཀུ་ཤ་མོའི་ཐོན་འབབ་ཧ་ཅང་ཡག་པོ་འདུག     ད་དུང་རེས་སྐོར་ཁ་ཤས་འཚོལ་བསྡུ་བྱེད་ཆོག་པ་དང་ཚོད་དཔག་བྱས་ན་ཉིན་20ལྷག་ཙམ་སོང་རྗེས་གཞི་ནས་འབྲས་བུ་བསྡུ་ཐུབ་རྒྱུ་རེད་ཅེས་ཞུས་ཅན་ལིན་གྱི་ངོ་གདོང་ལས་ལོ་ལེགས་ཀྱི་དགའ་སྤྲོའི་རྣམ་པ་མཚོན་ཐུབ། 


     2017ལོ་ནས་བཟུང་སན་པ་ཤང་གིས“ཁེ་ལས་དང་།  ཐོན་ལས།  ཞིང་དུད”བཅས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་ཀུ་ཀུ་ཤ་མོའི་འདེབས་འཛུགས་བྱས་ལ།  ཐོག་མའི་ལས་སྣོན་ཧུར་ཐག་བྱས་ཏེ2023ལོར་སླེབས་སྐབས་ཤང་ཡོངས་སུ་ཀུ་ཀུ་ཤ་མོ་མུའུ་4000འདེབས་འཛུགས་བྱས་ནས་མང་ཚོགས་དུད་ཚང་1650ཡི་སྣེ་འཁྲིད་དེ་ཆ་སྙོམས་ལོ་རེའི་ཡོང་འབབ་སྒོར་5000ཟིན་པ་དང་ཀུ་ཀུ་ཤ་མོའི་ཐོན་ལས་དེ་སན་པ་ཤང་གི་ཁྱད་ལྡན་ཐོན་ལས་ཀྱི་མིང་བྱང་ཞིག་ཏུ་གྱུར་ཡོད་པ་རེད།


   ཞིང་ཁར་འབྲས་བུ་བསྡུ་བའི་བྲེལ་བ་ཆེ་ཞིང་ཚོང་རའི་ཐོག་ཐོན་རྫས་ཤིན་ཏུ་བྲིན་ཆེ་བ་བྱུང་ཡོད།  ཤེས་རྟོགས་བྱུང་བར་གཞིགས་ན།  མིག་སྔའི་བར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཙང་ཧྲིན་ཡོན་ཞིང་ལས་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་ཅང་པེན་གྲོང་ཚོ་དང་དེ་བཞིན་དེའི་ཉེ་འཁོར་གྱི་འདེབས་འཛུགས་དུད་ཚང་གི་ཀུ་ཀུ་ཤ་མོ་སོས་པ་ཏུན་24དང་སྐམ་སིལ་ཏུན་2ཉོ་སྒྲུབ་བྱས་པ་རེད།ཀྲོའུ་ཡུས་ཧུང་གིས་ད་ལོ་ཀུ་ཀུ་ཤ་མོ་སོས་པ་ཏུན་80དང་སྐམ་སིལ་ཏུན་8ཉོ་སྒྲུབ་བྱ་རྩིས་ཡོད་པ་རེད།