འཇོལ་རྫོང་ཀོང་རྩེད་རའི་ཡུལ་དུ་མེ་ཏོག་གི་འཛུམ་ཁ་བཞད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-19   རྩོམ་ཁུངས།    སེམས་ཀྱི་ཉ

 ནམ་ཟླ་དཔྱིད་དུ་སླེབས་པ་ན་བདེ་ཆེན་མཐོ་སྒང་ནས་ས་བབ་ཅུང་དམའ་ཞིང་དྲོད་ཁ་འཛོམས་པའི་ཀོང་རྩེད་རའི་ཡུལ་དུ་སྣ་མང་མེ་ཏོག་གི་འཛུམ་ཁ་རབ་ཏུ་བཞད་ནས་ཡུལ་ལུང་གང་དུ་མཛེས་ཤིང་ལྟ་ན་སྡུག་པའི་མ་བཅོས་ལྷུན་གྱིས་གྲུབ་པའི་ཁོར་ཡུག་ཅིག་སྐྱེ་བོ་ཀུན་གྱི་མིག་གི་དགའ་སྟོན་དུ་མངོན་ཡོད། ཉེ་བའི་ཆར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཐོབ་ཐང་གྲོང་ཚོར་ཁམ་བུའི་མེ་ཏོག་དང་། ལི་ཤིང་གི་མེ་ཏོག་སོགས་བཞད་འགོ་ཚུགས་ཤིང་། ཞིང་ཁ་དང་ཁང་པའི་རྒྱབ་མདུན་བཅས་སུ་དཔྱིད་ཀྱི་མེ་ཏོག་གིས་བརྒྱན་ནས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་གྲུབ་ཡོད་ཅིང་།   སྐབས་འདི་ནི་བདེ་ཆེན་གྱི་གྲོང་མི་དང་ཐག་ཉེ་རིང་གི་མགྲོན་པོ་རྣམས་ཉི་ཤར་དང་ཀོང་རྩེད་ར་སོགས་སུ་མེ་ཏོག་གི་མཚར་སྡུག་ལ་བལྟ་མཁན་ཆེས་མང་བའི་དུས་ཤིག་ཡིན།