ཆུ་དཀར་ཆུ་ནག་སྟོན་པའི་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   ཟླ་3ཚེས་16ཉིན་2024ལོའི་སེམས་ཀྱི་ཉི་ཟླའི་ཆུ་དཀར་ཆུ་ནག་གཏོ་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་དུ་འགོ་ཚུགས་ཤིང་། འགོ་ཚུགས་མཛད་སྒོའི་ཐོག་ཆུ་དཀར་ཆུ་ནག་སློབ་ཆུང་ནས་ཡོང་བའི་གྲོགས་པོ་ཆུང་ཆུང་ཚོས་འཁྲབ་སྟོན་བྱས་པའི་ཞབས་བྲོའི་ཟློས་གར་གྱིས་མི་དེ་བས་མང་བོར་རིག་གནས་རྒྱུན་འཛིན་བྱས་པ་ཤེས་སུ་བཅུག་ཡོད་པ་སྟེ། “ཨ་ཁ་པ་ལའི་ཞབས་བྲོ”ཞེས་པས་འཇང་རིགས་མི་དམངས་ཀྱིས་རང་བྱུང་ཁམས་བརྩི་མཐོང་དང་དེ་བཞིན་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ལ་བསྔགས་བརྗོད་གང་ལེགས་བྱས་ཡོད་པ་མཚོན་ཡོད།《སོ་ནམ་གླུ་དབྱངས》ཞེས་པའི་ཞབས་བྲོ་ཞིག་གིས་ལས་ལ་བརྩོན་པའི་འཇང་རིགས་མི་དམངས་རྣམས་ནངས་སྔ་ལས་བྱས་ནས་ངལ་རྩོལ་ལ་བརྩོན་པ་དང་།   དགོང་མོའི་དུས་སུ་ངལ་གསོ་བའི་ཞིང་ལས་ངལ་རྩོལ་གྱི་འཚོ་བའི་སྣང་བརྙན་དེ་ལྟད་མོ་བར་བསྟན་ཡོད།


     འགོ་ཚུགས་མཛད་སྒོའི་ཐོག་འཇང་རིགས་ཀྱི་སྟོན་པའི་རྔ་དང་། ཧ་པའི་རི་བོ། རི་བོ་རྩེ་དགུ་སོགས་ཀྱིས་འཆར་སྣང་གསར་རྩོམ་བྱས་པའི་ཚོ་ཆུང་བརྒྱད་ཀྱི་བྱེད་སྒོ་བརྒྱུད་ནས་LOGOཁྱབ་བསྒྲགས་བྱས་པ་རེད། སེམས་ཀྱི་ཉི་ཟླའི་ཆུ་དཀར་ཆུ་ནག་སྟོན་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་བརྗོད་དོན་གཙོ་བོའི་རོལ་དབྱངས《ཆུ་དཀར་ཆུ་ནག་དུ་དགའ་འཛོམས་བྱུང་བ།》ཞེས་པ་ཁྱབ་བསྒྲགས་བྱས་པ་རེད།


     ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་ཆུ་དཀར་ཆུ་ནག་སྟོན་པའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་འཇང་རིགས་ཀྱི་རིག་གནས་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་དང་། མངོན་མིན་རིག་གནས་འགྲེམས་སྟོན། སྟོན་པའི་འདྲ་གཟུགས་ཡི་གེ་དང་ཡིག་རིས་ཚོད་དཔགས་ཉམས་ལེན། མེ་ཕུང་དགོང་ཚོགས།   “ཆུ་དཀར་ཆུ་ནག་ལ་ཕྱོགས་པ· མི་ཁྲི་ཡིས་དཔྱིད་ཀྱི་སྤྲོ་གསེང་རོལ་བ།”  དང་དེ་བཞིན་མི་རིགས་ཀྱི་གར་སྟེགས་ཆེན་མོ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།