སན་པ་ཤང་དུ་ཟླ་གཉིས་པའི་ཚེས་བརྒྱད་ཀྱི་སྲོལ་རྒྱུན་གསོལ་སྟོན་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་3པའི་ཚེས་16ཉིན་འཇང་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ཟླ་གཉིས་པའི་ཚེས་བརྒྱད་འཆར་ཉེར་ཡོད་པའི་དུས་སུ་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་སན་པ་འཇང་རིགས་ཤང་པའེ་ཏི་གྲོང་ཚོ་ནས་དམིགས་བསལ་གྱི་གསོལ་སྟོན་ཞིག་བཤམས་འགོ་ཚུགས་ཡོད།


   གྲོང་ཚོ་ཡོངས་ཀྱི་རྒན་གཞོན་དག་མཉམ་དུ་འཛོམས་ནས་ནང་མི་དང་གྲོགས་པོ་ཚོ་དང་ལྷན་གཅིག་ཏུ་ཞིམ་མངར་ལྡན་པའི་བཟའ་བཏུང་སྣ་ཚོགས་ལ་མྱོང་རོལ་བྱས་ཡོད་པ་དང་། ད་དུང་སྤྲོ་སེམས་འཁོལ་བའི་ངང་ཕྱི་ནས་ཡོང་བའི་མགྲོན་པོ་དག་གསོལ་སྟོན་དུ་གདན་འདྲེན་ཞུས་ནས་གསོལ་སྟོན་གྱ་ནོམ་པ་ཞིག་ཕུལ་ཡོད་ཅིང་། གང་སར་དགའ་སྤྲོ་དང་འཆམ་མཐུན་གྱི་རྣམ་པ་ཞིག་གིས་ཡོངས་སུ་བཀང་ཡོད།


    ལུགས་རྙིང་ལོའི་ཟླ་2པའི་ཚེས་8ཉིན་ནི་བདེ་ཆེན་འཇང་རིགས་ཀྱི་ཆེས་གཟབ་རྒྱས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན། པའེ་ཏི་གྲོང་ཚོའི་དུས་ཆེན་ལ་ལྷག་པར་འདུ་འཛི་ཆེ་ཞིང་སྙན་གྲགས་ལྡན།   ཐག་ཉེ་རིང་ནས་ཕེབས་པའི་འཇང་རིགས་དང་། བོད་རིགས། དབྱིས་རིགས། ཧུའེ་རིགས་སོགས་མང་ཚོགས་རྣམས་ཆུ་དཀར་ཆུ་ནག་རུ་འདུ་འཛོམས་བྱུང་ནས་དགའ་སྐྱིད་ལྡན་པའི་ཉིན་མོ་ཞིག་རོལ་ཡོད།