《བོད་ལུགས་གསོ་རིག་གི་སྨན་བཅོས་ལག་རྩལ》དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-15   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

    ཟླ3པའི་ཚེས13ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་གསལ་ལྟར་ན། བོད་ལུགས་གསོ་རིག་གི་སྨན་བཅོས་ལག་རྩལ་བཀོལ་སྤྱོད་དོ་དམ་ལ་ཤུགས་སྣོན་པ་དང་། བོད་ལུགས་གསོ་རིག་གི་སྨན་བཅོས་ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྔར་ལས་ལྷག་པར་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ནུས་པ་ཆེ་རུ་གཏོང་ཆེད། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྣམ་གྲངས་བཙུགས་ནས་རོགས་སྐྱོར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་དང་བོད་སྨན་ཚད་ལྡན་ཅན་ལས་དོན་ཨུ་ལྷན་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། མཚོ་སྔོན་ཞིང་ཆེན་སྨན་པ་དཀའ་བཅུ་པའི་མཐུན་ཚོགས་བོད་ལུགས་གསོ་རིག་དང་བོད་སྨན་ཆེད་ལས་ཨུ་ལྷན་བཅས་ཀྱིས་སྣེ་ཁྲིད་དེ་ལེགས་སྒྲིག་རྩོམ་སྒྲིག་བྱས་པའི《བོད་ལུགས་གསོ་རིག་གི་སྨན་བཅོས་ལག་རྩལ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་རེད།

    《བོད་ལུགས་གསོ་རིག་གི་སྨན་བཅོས་ལག་རྩལ》རྩོམ་སྒྲིག་ཚོགས་ཆུང་ནི་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་རྫོང་རིམ་པའི་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིའི་བོད་ལུགས་གསོ་རིག་དང་བོད་སྨན་ཆེད་མཁས་པ། ལག་རྩལ་རྐང་འཛིན་པ་ལས་གྲུབ་པ་ཡིན་ལ། དེབ་འདིར་ལག་རྩལ་རིགས18ལ་དབྱེ་བ་དང་། རྩོམ་སྒྲིག་ཚོགས་ཆུང་གིས་སྐོར་དང་པོར་འཐུས་ཚང་དང་ཚད་ལྡན་ཡིན་པའི་བོད་ལུགས་གསོ་རིག་གི་སྨན་བཅོས་ལག་རྩལ93བདམས་ཡོད་པ་མ་ཟད། B/T1.1-2020《ཚད་གཞི་ཅན་གྱི་བྱ་བའི་མཛུབ་ཁྲིད་རྩ་དོན་གྱི་ཁག་དང་པོ། ཚད་གཞིའི་གྲུབ་ཆ་དང་རྩོམ་སྒྲིག》《ZY/Tཀྲུང་ལུགས་གསོ་རིག་ལས་རིགས་ཀྱི་ཚད་གཞི་སྒྲིག་ཁོངས་སྤྱི་སྲོལ》ལྟར། ནན་ཏན་སྒོས་རྩོམ་སྒྲིག་བྱས་ཏེ་ལག་རྩལ་བཀོལ་སྤྱོད་ཚད་གཞིའི་རིག་གཞུང་རང་བཞིན་དང་ཡང་དག་རང་བཞིན། བེད་སྤྱོད་རང་བཞིན་བཅས་ལ་དོ་སྣང་བྱས། སྨན་བཅོས་ལག་རྩལ་གྱི་མིང་བརྡའི་ཐད་བོད་ལུགས་གསོ་རིག་གི་ཆེད་ལས་ཐ་སྙད་སྤྱད་པ་དང་། ཚན་རིག་དང་མཐུན་ཞིང་ཚད་ལྡན་དང་སྟབས་བདེ་ཡིན་པ། གནད་ལ་འཁེལ་བ་བཅས་བོད་ལུགས་གསོ་རིག་གི་རིག་གཞུང་ཁྱད་ཆོས་མངོན་ཡོད་པ་རེད།

    དཔེ་དེབ་རྩོམ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་། མཉམ་འབྲེལ་བྱས་ཏེ་འགག་སྒྲོལ་སེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཕན་འབྲས་ཡོད་པའི་སྒོ་ནས་བོད་ལུགས་གསོ་རིག་གི་སྨན་བཅོས་ལག་རྩལ་དཀའ་གནད་ཐག་གཅོད་བྱེད་པ་དང་། བོད་ལུགས་གསོ་རིག་གི་སྨན་བཅོས་ལག་རྩལ་ཆུ་ཚད་མཐོར་འདེགས་སུ་གཏོང་བ། བོད་ལུགས་གསོ་རིག་གི་སྨན་བཅོས་ལག་རྩལ་སྤྱོད་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཡོད་པའི་དུས་མཚུངས་སུ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་འོག དེང་རབས་ཀྱི་ཚན་རྩལ་གྲུབ་འབྲས་གང་ལེགས་སྤྱད་དེ་ལག་རྩལ་ཆུ་ཚད་མཐོ་བ་དང་ནད་ཐོག་སྨན་བཅོས་ཀྱི་ཕན་འབྲས་ལེགས་པའི་བོད་ལུགས་གསོ་རིག་དང་། བོད་སྨན་གྱི་སྨན་བཅོས་ལག་རྩལ་ཁག་གཅིག་གསར་སྤེལ་བྱས་པ་མ་ཟད། བོད་ལུགས་གསོ་རིག་དང་བོད་སྨན་གྱི་འདུ་ཤེས་བརྟན་བརླིང་དང་། ལག་རྩལ་ཆུ་ཚད་མཐོ་བ། གསར་གཏོད་ཀྱི་ནུས་པ་ཆེ་བ་བཅས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་བཅོས་ལག་རྩལ་ཕྱོགས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་རྒྱུར་རྨང་གཞི་བཏིང་། 

    རྫེས་ཕྱོགས་རྩོམ་སྒྲིག་ཚོགས་ཆུང་གིས་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་པའི་ལག་རྩལ་སོ་སོ93པར་ལེན་བཀོལ་སྤྱོད་ཀྱི་བརྙན་ཕབ་བྱས་ནས་ལག་རྩལ་སོ་ོསོར་དུས་ཡུན་སྐར་མ་གསུམ་ཙམ་དང་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཞིབ་བསྡུར་ཡང་བྱས་ཏེ། ནད་ཐོག་སྨན་བཅོས་ཀྱི་ནད་དཔེ་ངོ་མ་དང་ཕྱོགས་ཡོངས་ཀྱི་བཀོལ་སྤྱོད་བརྒྱུད་རིམ་ཤེས་ཚོར་དང་། རྒྱུས་ལོན། སྲ་བརྟན། བེད་སྤྱོད་བཅས་གཞི་གཅིག་ཏུ་འདུས་པའི་ཁར་གསོན་ཉམས་ལྡན་པའི་ངང་ནས་སློབ་སྦྱོང་དང་རྒྱུས་ལོན། ཁོང་དུ་ཆུད་པ་བཅས་སྟབས་བདེ་བཟོ་རྒྱུ་རེད།  །