ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ལམ་རྒྱུད་ཀྱི་མཛད་སྤྱོད་ཚད་མཐོན་པོ་འཕར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片
    2023ལོའི་ཟླ་11པར་ཤར་གཏོང་ཐུབ་པའི་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱིས་ཡུན་ནན་དུ་ཡུལ་སྐོར་བྱེད་མཁན་ཡུལ་སྐོར་བར་དེ་བས་སྟབས་བདེའི་འགྲོ་སྐྱོད་ཀྱི་ཆ་རྐྱེན་མཁོ་འདོན་བྱས་ཡོད་ལ། ལམ་རྒྱུད་ཀྱི་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་སྐུལ་ཁྲིད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
    གཞུང་ཕྱོགས་ཀྱི་གྲངས་གཞིར་གཞིགས་ན།དཔྱིད་གསར་སྐྱེལ་འདྲེན་གོང་གི་ཉིན་10ཡི་ནང་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་78198སྐྱེལ་འདྲེན་བྱས་ཤིང་། དཔྱིད་གསར་དུས་ཆེན་གོང་གི་ཉིན་7ནང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་71.50ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་64.5%འཕར་བ་དང་། རིམ་རྩིས་བྱས་ན་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་4.09ཟིན་པ་དེ་དུས་མཚུངས་ལས་60.2%འཕར་ཡོད་པ་རེད།

图片

    མེ་ཐོན་ནས་ཡོང་བའི་གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་བདེ་ཆེན་ཁུལ་གྱི་དམངས་ཁྱིམ་མགྲོན་ཁང་སྔོན་མངགས་བྱེད་ཚད་2023ལོའི་དཔྱིད་གསར་དུས་ཆེན་གྱི་དུས་མཚུངས་ལས་185.2%འཕར་ལ། མཛེས་ལྗོངས་ཁུལ་ཁག་གི་སྒོ་འཛིན་མངགས་ཐོའི་འཕར་ཚད་220.2%ཟིན། དེའི་ནང་རྡོ་མཁར་རྫོང་གི་ཞག་སྡོད(མགྲོན་ཁང་དང་དམངས་ཁྱིམ་མགྲོན་ཁང་ཚུད)ཀྱི་ཉོ་ཚོང་དུད་ཚང་དུས་མཚུངས་ལས་85.1%འཕར་ནས་ཉོ་ཚོང་བྱེད་ཚད་དུས་མཚུངས་ལས་95.4%འཕར་ཡོད་པ་རེད།