ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་བོད་སྨན་ཁང་དང་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་དུ་བརྟག་ཞིབ་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ3པའི་ཚེས་14ཉིན།  ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་བོད་སྨན་ཁང་དང་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་དུ་བརྟག་ཞིབ་གནང་བ་དང་། ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན།  སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་འགན་ལེན་བྱེད་དགོས་པ་དང་། ལས་རིགས་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གཉེར་དགོས།

        བདེ་ཆེན་ཁུལ་བོད་སྨན་ཁང་དུ་ལུའོ་ཁྲའོ་ཧྥེང་གིས་སྨན་ཁང་གི་ཚན་པ་ཁག་གི་འཛུགས་སྐྲུན་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་སྨན་ཁང་གི་འགོ་ཁྲིད་ཚན་ཁག་དང་བཞུགས་མོལ་གནང་ནས་སྨན་ཁང་འཕེལ་རྒྱས་ཐད་ལྷག་པའི་གནད་དོན་དང་དཀའ་ངལ་ལ་དབྱེ་ཞིབ་གནང་བ་རེད།ཁོང་གིས་སྨན་ཁང་གིས་སྨན་བཅོས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་རྫས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།

        སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་དུ་ལུའོ་ཁྲའོ་ཧྥེང་གིས་སློབ་གྲྭའི་ལོ་གཅིག་རིང་གི་ལས་ཀའི་གནས་ཚུལ་སྙན་སེང་གསན་པ་དང་འབྲེལ་སློབ་གྲྭས་བཏོན་པའི་གནད་དོན་ཡུལ་དངོས་སུ་མཐུན་སྦྱོར་ཐག་གཅོད་ཀྱང་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། རང་ཁུལ་གྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཡག་པོ་ཞུ་དགོས། སློབ་མའི་དངོས་སྦྱོང་ནུས་པ་ཆེ་རུ་གཏོང་དགོས། སློབ་གཉེར་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

        ཁུལ་གྱི་འགོ་ཁྲིད་ཁྲེན་ཆོན་དང་ལི་ཐའོ་དང་།  ཁུལ་ཨུའི་གཞུང་དོན་ཁང་དང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁུལ་སློབ་གསོ་དང་ལུས་རྩལ་ཅུས།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འགན་འཁྲི་མི་སྣ་གཙོ་བོ་བཅས་བརྟག་ཞིབ་ཏུ་ཞུགས་ཡོད།