མཐོ་སྒང་གི་དུས་རབས་གསར་པའི་མཛངས་མས་གར་གྱི་སྟངས་སྟབས་ངོམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    ཉེ་ཆར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གིས“ཏང་དང་མཉམ་དུ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད། བུད་མེད་མཛངས་མས་དུས་རབས་གསར་བྱས་རྗེས་འཇོག་”ཅེས་པའི་མི་རིགས་ཀྱི་ཞབས་བྲོ་འགྲེམས་སྟོན་འགྲན་བསྡུར་ཆེ་མོ་གཉེར་བ་རེད།

    དུས་རབས་གསར་པའི་བུད་མེད་ཀྱི་ཉམས་འགྱུར་མངོན་པ་དང་འབད་འཐབ་བྱས་ཏེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཆེད། འཇོལ་རྫོང་གི་ལས་རིགས་ཁག་གི་འགྲན་ཞུགས་རུ་ཁག་13གྱིས་སྤྲོ་སེམས་རབ་ཏུ་འཕེལ་བ་དང་། མཛེས་སྡུག་ལྡན་པའི་གར་སྟབས་མཛེས་པ། མཛེས་སྡུག་ལྡན་པའི་འཛུམ་མདངས་བཅས་ཀྱི་ཐོག་ནས་རྒྱ་ཆེའི་བུད་མེད་མང་ཚོགས་ཚོའི་ཡར་རྒྱས་བརྩོན་ལེན་གྱི་བསམ་པའི་ཉམས་འགྱུར་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མཚོན་ཡོད།