ཉིན་འདི་8རིང་ལ་རིན་མི་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-13   རྩོམ་ཁུངས།    མི་དམངས་དྲ་བ།

    དཔྱིད་གསར་དུས་ཆེན་རྗེས་ཀྱི་ཁྲིམས་བཀོད་གུང་གསེང་ཐོག་མ་དེ་སླེབས་ཉེར་ཡོད་པ་དང་། དྭངས་གསལ་དུས་ཆེན་ལ་ཟླ་4ཚེས་4ཉིན་ནས་ཟླ་4ཚེས་6ཉིན་བར་ངལ་གསོ་འཇོག་རྒྱུ་ཡིན་ཞིང་ཁྱོན་ཉིན་3ཡོད། ཟླ་4ཚེས་7ཉིན(གཟའ་ཉི་མ)ལས་ཀར་འགྲོ་དགོས། ངལ་རྩོལ་དུས་ཆེན་ལ་ཟླ་5ཚེས་1ཉིན་ནས་ཚེས་5ཉིན་བར་ངལ་གསོ་འཇོག་རྒྱུ་ཡིན་ཞིང་ཁྱོན་ཉིན་5ཡོད། ཟླ་4ཚེས་28ཉིན(གཟའ་ཉི་མ)དང་ཟླ་5ཚེས་11ཉིན(གཟའ་སྤེན་པ)ལས་ཀར་འགྲོ་དགོས། དྭངས་གསལ་དུས་ཆེན་དང་ངལ་རྩོལ་དུས་ཆེན་གྱི་གུང་གསེང་རིང་མྱུར་བགྲོད་གཞུང་ལམ་དུ་རིན་མི་དགོས་པར་ཤར་བགྲོད་བྱེད་ཆོག